དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • དམངས་འཚོའི་ཞན་ཆ་སེལ་བར་སྒོར་དུང་ཕྱུར་241བཏང་བ་དང་རེ་ཞུ་ཁྲི་1.9ལྷག་ཙམ་ཚང་མར་ཨ་ལན་བསློགས་པ།

    རང་ལྗོངས་ཀྱིས་གྲུབ་འབྲས་དངོས་ལ་བརྟེན་ནས་སྲིད་དོན་ལས་རྗེས་ལྟ་བའི་སློབ་སྦྱོང་སློབ་གསོའི་གྲུབ་འབྲས་ལ་ཞིབ་དཔྱད་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-09-05

    མང་ཚོགས་ཀྱི་རེ་ཞུ་ཁྲི་1.94བསྡུ་ལེན་བྱས་པ་དང་། དམངས་ཆེད་བྱ་བ་དངོས་ཁྲི་11.51བསྒྲུབས་པར་མང་ཚོགས་མི་ཐེངས་ཁྲི་854.9ལ་ཕན་པ་ཐོབ་པ་སོགས། ཡང་དག་པའི་སྲིད་དོན་ལས་རྗེས་ལྟ་བ་འཛུགས་པ་དང་ལག་ལེན་བསྟར་བའི་སློབ་སྦྱོང་སློབ་གསོ་སྤེལ་འགོ་ཚུགས་ཚུན། རང་ལྗོངས་ཀྱིས་སློབ་སྦྱོང་སློབ་གསོའི་སྤྱིའི་བླང་བྱ་དང་དམིགས་ཚད་ལས་འགན་ལ་དམ་པོར་དམིགས་ནས། དམངས་ལ་བདེ་སྐྱིད་བསྐྲུན་པ་དེ་སྲིད་དོན་ལས་རྗེས་ཆེ་ཤོས་སུ་བརྩི་རྒྱུ་མཐའ་འཁྱོངས་དང་། མང་ཚོགས་ཀྱི་གདེང་འཇོག་ཚད་གཞི་གལ་ཆེན་ལ་བརྩི་བ། “བསྐྱར་ལས་གསབ་ཁྲིད”ལ་བརྟེན་ནས་མང་ཚོགས་ཀྱི་རེ་སྒུག་ལ་ཨ་ལན་སློག་པ་བཅས་བྱས་ཏེ“དམངས་ཕན་རྒྱུགས་ལན”ཡག་པོ་ཞིག་ཕུལ་བ་རེད།

    རང་ལྗོངས་ཀྱིས་ཀྲུང་དབྱང་གི་བཀོད་སྒྲིག་གཞིར་བཟུང་དངོས་སྒྲུབ་བྱ་ཐབས་ཁག་12ཞིབ་ཕྲ་བཟོས་པ་དང་། ལས་འགན་གསལ་ཐོ་དང་སྐུལ་འདེད་ལམ་ཕྱོགས་ཁ་གསལ་བཟོས་ཏེ། རྫོང(ཆུས་དང་གྲོང་ཁྱེར)74དང་། ཤང་དང་གྲོང་རྡལ(ཁྲོམ་གཞུང)728 ལྗོངས་ཐད་གཏོགས་ལས་ཁུངས་དང་ཁེ་ལས་བྱ་གཞག་ཚན་པ་95བཅས་དང་། དེ་བཞིན་གཞི་རིམ་ཏང་རྩ་འཛུགས་ཁྲི་2.4ལྷག་ཙམ་ལ་ཡོངས་སུ་ཁྱབ་ཅིང་། གྲངས་གཞིའི་བསྡོམས་རྩིས་ལ་གཞིགས་ན། རིམ་ཁག་ཏང་ཨུད(ཏང་ཙུའུ)ཀྱིས་རིམ་རྩིས་བརྒྱབ་ན་ཆེད་དོན་དཔེ་ཀློག་འཛིན་གྲྭ་ཐེངས་7982དང་། “ཀྲི་པུའུ་ཧྲུའུ་ཅིའི་འཆད་སྟེཌ”ཐེངས་ཁྲི་1.07 ཆེད་དོན་བགྲོ་གླེང་ཐེངས་ཁྲི་15.83བཅས་གཉེར་ཡོད་པ་རེད།

    རིམ་རྩིས་བརྒྱབ་ན་མ་དངུལ་སྒོར་དུང་ཕྱུར་241.36བཏང་ནས་གཙོ་གནད་ལ་དམིགས་པ་དང་གནད་སྨིན་ཤུགས་བརྒྱབ་པས་མང་ཚོགས་ཡུན་རིང་སེམས་ཁྲལ་བྱེད་ས་དང་། དཀའ་གནད་ཀྱི་གནད་དོན་མང་པོ་ཞིག་ཐག་གཅོད་དངོས་འབྲེལ་ཐུབ་ཡོད། གྲོང་ཚོ་རིམ་པའི་ཁྲུས་ཁང་དང་ཐབ་ཚང་ཆུང་གྲས་སྒྱུར་བཀོད་རིམ་སྤོར་ལས་གྲྭ་ལག་བསྟར་བྱས་པ་དེ་ཁྱབ་ཚད་91.28%དང་96.33%སོ་སོར་ཟིན་ཡོད། ས་བབ་མཐོ་སར་གཅིག་སྡུད་དྲོད་རླངས་མཁོ་འདོན་དང་། གྲོང་གསེབ་ཏུ་ཨར་འདམ་ལམ་འདིང་བ། མི་ཕྱུགས་ལོགས་དབྱེ་སྒྱུར་བཀོད། ངལ་ནུས་རྩལ་ནུས་གསོ་སྦྱོང་བཅས་ལ་སྐུལ་འདེད་བཏང་ནས། མང་ཚོགས་ཀྱི་འབབ་འཕར་ཐབས་ལམ་རྒྱ་སྐྱེད་བཏང་ཡོད་པ་རེད།

    མང་ཚོགས་ཀྱི་ལྟ་སྐུལ་ཐབས་ལམ་བརྒྱུད་རིམ་ཧྲིལ་པོར་ཤར་གཏོང་ཐུབ་པ་དང་། སྲིད་དོན་ཐད་སྦྲེལ་ཁ་པར་དང་། དམངས་འདོད་བྱ་རིམ་ཆུང་གྲས། དུད་ཚང་དུ་འཚམས་འདྲི། “འཐུས་མི་གཉིས་དང་ཨུ་ཡོན་གཅིག”གི་ལྟ་སྐུལ་སོགས་ཀྱི་ཐབས་ལམ་བསྡུ་སྒྲིལ། མང་ཚོགས་ཀྱི་རེ་ཞུ་བསྡུ་རུབ་རྒྱ་ཁྱབ། མང་ཚོགས་བརྒྱུད་རིམ་ཧྲིལ་པོར་ཞུགས་པར་སྐུལ་འདེད། སློབ་སྦྱོང་སློབ་གསོའི་གྲུབ་འབྲས་ལ་ཕྱོགས་ཡོངས་ནས་དཔྱད་མོལ་བཅས་བྱས་ཏེ། མང་ཚོགས་བློ་ཡིད་མ་ཚིམ་པའི་རིགས་དུས་ཐོག་ཏུ“བསྐྱར་ལས་གསབ་ཁྲིད”བྱས་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།