དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • བོད་ལྗོངས་སྐྱིད་གྲོང་གི་ཆུ་རུད་གནོད་འཚེ་ཕོག་པའི་ལྟེ་བའི་ཁུལ་དུ་གློག་ཤར་གཏོང་ཐུབ་པ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།    |     སྤེལ་དུས།  2026-09-05

    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་9ཚེས་3ཉིན་གློག་འཕྲིན་འབྱོར་གསལ། ཚེས་3ཉིན་གྱི་དགོང་མོར་རྒྱལ་ཁབ་གློག་དྲས་བརྡ་ཁྱབ་བཏང་བར། བོད་ལྗོངས་སྐྱིད་གྲོང་དུ་ཆུ་རུད་ཀྱི་གཏོར་སྐྱོན་ཕོག་པའི་རྒྱལ་ལམ་216བདེ་བླག་ངང་ཤར་གཏོང་ཐུབ་པ་དང་སྦྲགས། རྒྱལ་ཁབ་གློག་དྲ་བོད་ལྗོངས་གློག་ཤུགས་ཀུང་སིས་དུས་ཚོད་དམ་འཛིན་དང་འཕྲལ་སྡོམ་ཉེན་སེལ་སྟོབས་ཤུགས་མང་དུ་བཏང་སྟེ། རི་ཉིལ་བ་དང་རྡོ་ཟགས་པའི་ཉེན་ཁར་མ་འཛེམ་པར་ཉིན་མཚན་བལྟོས་མེད་ངང་འབད་བརྩོན་བྱས་པ་བརྒྱུད། ཚེས་3ཉིན་གྱི་ཆུ་ཚོད་20ཙམ་ལ་བོད་ལྗོངས་སྐྱིད་གྲོང་འགག་སྒོའི་ལྟེ་བའི་ཁུལ་དུ་སྐབས་འཕྲལ་གྱི་གློག་སྐུད་ཁྲིད་ནས་གློག་ཤར་གཏོང་ཐུབ་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།