ལོ་60ཡི་རིང་མཚོ་བོད་ས་མཐོ་ཁོ་ནར་འཁྱཌ་རོམ7000ཙམ་བཞུར་ནས་མེད་པར་ཆཌ་པ།
ཟླ་9ཚེས་2ཉིན། ཀྲུང་གོ་གནམ་གཤིས་ལས་ཁུངས་ཀྱིས་2026ལོའི་ཟླ་9པའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་འཚོགས་ཤིང་། ཚོགས་འདུར་རྒྱལ་ཁབ་གནམ་གཤིས་ལྟེ་གནས་ཀྱི་ཀྲུའུ་རེན་གཞོན་པ་ཀའོ་རུང་གིས་གོ་ལ་ཧྲིལ་པོའི་གནམ་གཤིས་དྲོ་རུ་ཕྱིན་ནས་འཁྱགས་རོམ་བཞུར་བའི་གནས་ཚུལ་ལ་དབྱེ་ཞིབ་བྱས་པ་རེད།

རྒྱལ་ཁབ་གནམ་གཤིས་ལྟེ་གནས་ཀྱི་ཀྲུའུ་རེན་གཞོན་པ་ཀའོ་རུང་།
ཀའོ་རུང་གིས་གོ་ལ་ཧྲིལ་པོའི་གནམ་གཤིས་དྲོ་རུ་ཕྱིན་པས་རི་ཁུལ་གྱི་འཁྱགས་རོམ་བཞུར་ཚད་མགྱོགས་སུ་འགྲོ་བ་དང་འཁྱགས་རོམ་འགའ་ཞིག་མེད་པར་འགྱུར་གྱི་ཡོད། གནམ་གཤིས་དྲོ་རུ་ཕྱིན་པ་དེས་འཁྱགས་རོམ་གྱི་སྒུལ་ཤུགས་རིག་པའི་ཁྱད་ཆོས་ལ་འགྱུར་ལྡོག་ཐེབས་ནས་འཁྱགས་རོམ་ཁུལ་གྱི་དྲོད་ཚད་མཐོ་རུ་ཕྱིན་པ་དང་། འཁྱགས་རོམ་བཞུར་ཚད་མགྱོགས་སུ་ཕྱིན་པ། འགུལ་ཚད་ཆེ་རུ་ཕྱིན་ཡོད། དུས་རབས་21པ་དང་ལྷག་པར་དུ་2010ལོ་ནས་བཟུང་གོ་ལ་ཧྲིལ་པོའི་རི་མཐོའི་ཁུལ་གྱི་འཁྱགས་རུད་ཀྱི་དོན་རྐྱེན་མང་དུ་འགྲོ་བཞིན་ཡོད་ཅེས་བརྗོད།
རང་རྒྱལ་གྱི་རི་ཁུལ་འཁྱགས་རོམ་གཙོ་བོ་མཚོ་བོད་ས་མཐོ་དང་མཐའ་འཁོར་ས་ཁུལ་དུ་ཁྱབ་ཡོད། མཚོ་བོད་ས་མཐོའི་གནམ་གཤིས་དྲོ་རུ་དང་བཞའ་ཚན་ཆེ་རུ་ཕྱིན་པ་དང་བསྟུན་ནས་འཁྱགས་རོམ་ཧྲིལ་པོ་བཞུར་ཚད་མགྱོགས་སུ་ཕྱིན་ཡོད། ཀྲུང་གོའི་འཁྱགས་རོམ་དཀར་ཆག་ལ་གཞིགས་ན། འདས་ཟིན་པའི་ལོ་60ཡི་རིང་མཚོ་བོད་ས་མཐོའི་འཁྱགས་རོམ་གྱི་རྒྱ་ཁྱོན་24%ཙམ་ཆུང་དུ་ཕྱིན་པ་དང་འཁྱགས་རོམ་ཆུང་གྲས་7000ཙམ་རྦད་དེ་བཞུར་ཡོད། མཚོ་བོད་ས་མཐོའི་གནམ་གཤིས་དྲོ་རུ་ཕྱིན་པ་དང་འཁྱགས་རོམ་གྱི་འཁོར་རྒྱ་ཆུང་དུ་ཕྱིན་པར་བརྟེན་འཁྱགས་མཚོའི་གྲངས་འབོར་མང་དུ་ཕྱིན་པ་དང་རྒྱ་ཁྱོན་ཆེ་རུ་ཕྱིན་ནས། འཁྱགས་རོམ་བརྟན་པོ་མེད་པའི་སྣང་ཚུལ་ཐོན་གྱི་ཡོད།
སྔོན་དཔག་བྱས་ན། འབྱུང་འགྱུར་མཚོ་བོད་ས་མཐོའི་འཁྱགས་རོམ་བཞུར་ཚད་མགྱོགས་སུ་ཕྱིན་ནས། འཁྱགས་རོམ་གྱི་གནོད་འཚེ་སྔར་བས་མང་དུ་འགྲོ་རྒྱུ་མ་ཟད། གནོད་འཚེའི་ཞོར་སྐྱོན་མང་དུ་ཕྱིན་ཏེ་གཏོར་སྐྱོན་ཕོག་ཚད་ཆེ་རུ་འགྲོ་རྒྱུ་རེད།
འབྲེལ་ཡོད་གསར་འགྱུར།