ཞི་ཅིན་ཕིང་གིས་ནོར་ཝེ་ཡི་རྒྱལ་པོ་ཧ་ཁང་ཁྲི་ཐོག་བརྒྱད་པ་ཁྲི་ལ་འཁོད་པར་རྟེན་འབྲེལ་གློག་འཕྲིན་བཏང་གནང་བ།
ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་9ཚེས་2ཉིན་གློག་འཕྲིན་འབྱོར་གསལ། ཟླ་9ཚེས་2ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ནོར་ཝེ་ཡི་གསར་དུ་བསྐོ་གཞག་བྱས་པའི་རྒྱལ་པོ་ཧ་ཁང་ཁྲི་ཐོག་བརྒྱད་པར་རྟེན་འབྲེལ་གློག་འཕྲིན་བཏང་གནང་ནས་ཧ་ཁང་ཁྲི་ལ་འཁོད་པར་རྟེན་འབྲེལ་ཞུས་པ་རེད།
ཞི་ཅིན་ཕིང་གིས་གསུངས་དོན། ཀྲུང་གོ་དང་ནོར་ཝེ་རྒྱལ་ཁབ་གཉིས་པོ་ས་ཐག་རིང་ཡང་མཛའ་གྲོགས་ལ་ལོ་རྒྱུས་ཡུན་རིང་ལྡན་ཡོད། ནོར་ཝེ་ནི་ཀྲུང་གོ་གསར་པ་ཁས་ལེན་དང་ཕྱི་འབྲེལ་འཛུགས་སྔ་ཤོས་ཀྱི་ཡོ་རོབ་རྒྱལ་ཁབ་ཀྱི་གྲས་ཤིག་རེད། རྒྱལ་ཁབ་གཉིས་དབར་ཕྱི་འབྲེལ་བཙུགས་ནས་ལོ་72སོང་རིང་། ནོར་ཝེའི་རྒྱལ་པོ་ཚང་གི་སྐུལ་འདེད་ཧུར་ཐག་འོག་ཕྱོགས་གཉིས་པོའི་འབྲེལ་བ་ཡར་རྒྱས་མྱུར་པོ་བྱུང་བ་དང་ཁྱབ་ཁོངས་ཁག་གི་མཉམ་ལས་རྒྱུན་ཆད་མེད་པར་རྒྱ་ཆེར་ཕྱིན་ནས་རྒྱལ་ཁབ་གཉིས་པོའི་མི་དམངས་ལ་དངོས་དངོས་རྗེན་རྗེན་གྱི་ཁེ་ཕན་ཐོབ་ཡོད། ངས་ཀྲུང་གོ་དང་ནོར་ཝེའི་འབྲེལ་བ་འཕེལ་རྒྱས་ལ་ཚད་མཐོའི་མཐོང་ཆེན་བྱེད་ཀྱི་ཡོད་ལ། རྒྱལ་པོ་ཧ་ཁང་ཁྲི་ཐོག་བརྒྱད་པ་དང་མཉམ་དུ་འབད་བརྩོན་བྱས་ཏེ་ཀྲུང་གོ་དང་ནོར་ཝེ་ཡི་མཛའ་མཐུན་འགྲོ་འོང་གི་ལེའུ་གསར་པ་རྩོམ་འདོད་ཡོད།
འབྲེལ་ཡོད་གསར་འགྱུར།