དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • 《དྲ་རྒྱའི་གྲངས་གཞིའི་བདེ་འཇགས་ཀྱི་ཉེན་ཁ་ཚོད་སྐོར་བྱ་ཐབས》ཟླ་8ཚེས་20ཉིན་ནས་ལག་ལེན་བསྟར་བ།

    སྤྱི་བདེ་པུའི་འབྲེལ་ཡོད་འགན་འཁུར་བས་ལག་བསྟར་གྱི་འབྲེལ་ཡོད་དོན་ཚན་སྐོར་གྱི་གསར་འགོད་པའི་དྲི་བར་ལན་བརྒྱབ་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     རྩོམ་པ་པོ།  ཀྲང་ཐེན་ཕེ།   |     སྤེལ་དུས།  2026-09-04

    《དྲ་རྒྱའི་གྲངས་གཞིའི་བདེ་འཇགས་ཀྱི་ཉེན་ཁ་ཚོད་སྐོར་བྱ་ཐབས》ནི་གྲངས་གཞིའི་བདེ་འཇགས་བཅོས་སྐྱོང་ལས་དོན་སྐོར་གྱི་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་བྱེད་པའི་བྱ་ཐབས་གལ་ཆེན་ཞིག་དང་། གྲངས་གཞིའི་བདེ་འཇགས་བཅའ་ཁྲིམས་དང་། 《དྲ་རྒྱའི་གྲངས་གཞིའི་བདེ་འཇགས་དོ་དམ་སྲོལ་ཡིག》སོགས་བཅའ་ཁྲིམས་ཁྲིམས་སྲོལ་གྱི་བླང་བྱ་དོན་འཁྱོལ་བྱེད་པའི་བྱ་ཐབས་ནུས་ལྡན་ཞིག་ཡིན་ཞིང་། དེའི་དམིགས་ཡུལ་ནི་དྲ་རྒྱའི་གྲངས་གཞིའི་བདེ་འཇགས་ཀྱི་ཉེན་ཁ་ཚོད་སྐོར་བྱེད་སྒོ་ཚད་ལྡན་དུ་གཏོང་བ་དང་། གྲངས་གཞིའི་བདེ་འཇགས་དོ་དམ་གྱི་སྒྲིག་སྲོལ་དང་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ། གྲངས་གཞིའི་བདེ་འཇགས་ལ་བརྟེན་ནས་གྲངས་གཞི་གསར་སྤེལ་བེད་སྤྱོད་དང་ཐོན་ལས་འཕེལ་རྒྱས་ལ་འགན་ལེན་བྱེད་པའི་ཆེད་དུ་རེད།

    《དྲ་རྒྱའི་གྲངས་གཞིའི་བདེ་འཇགས་ཀྱི་ཉེན་ཁ་ཚོད་སྐོར་བྱ་ཐབས》2026ལོའི་ཟླ་8ཚེས་20ཉིན་དངོས་སུ་ལག་ལེན་བསྟར་བ་དང་། སྤྱི་བདེ་པུའི་འབྲེལ་ཡོད་འགན་འཁུར་བས་ལག་བསྟར་གྱི་འབྲེལ་ཡོད་དོན་ཚན་སྐོར་གྱི་གསར་འགོད་པའི་དྲི་བར་ལན་བརྒྱབ་པ་རེད།

    གསར་འགོད་པ། དྲ་རྒྱའི་གྲངས་གཞིའི་བདེ་འཇགས་ཀྱི་ཉེན་ཁ་ཚོད་སྐོར་ཞབས་ཞུའི་ཁས་ལེན་དཔང་འདོན་རེ་ཞུ་ཇི་ལྟར་བྱེད་དགོས་སམ།

    སྤྱི་བདེ་པུའི་འབྲེལ་ཡོད་འགན་འཁུར་བ། 《དྲ་རྒྱའི་གྲངས་གཞིའི་བདེ་འཇགས་ཀྱི་ཉེན་ཁ་ཚོད་སྐོར་བྱ་ཐབས》ཀྱི་དོན་ཚན་བརྒྱད་པའི་ནང་། “འབྲེལ་ཡོད་ཚོད་སྐོར་སྒྲིག་གཞིས་ཁས་ལེན་དཔང་འདོན་བྱ་རྒྱུར་སྐུལ་མ་གཏོང་དགོས། ཚོད་སྐོར་ལས་ཁུངས་ཀྱི་ཁས་ལེན་དཔང་འདོན་ནི《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཁས་ལེན་ཚོད་སྐོར་ཁས་ལེན་སྲོལ་ཡིག》གི་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་ལག་ལེན་བསྟར་དགོས”ཞེས་གཏན་འབེབས་བྱས་ཡོད།

    རྒྱལ་ཁབ་དྲ་འཕྲིན་གཞུང་དོན་ཁང་གི་གྲངས་གཞི་དང་ལག་རྩལ་འགན་ལེན་ལྟེ་གནས་དང་། སྤྱི་བདེ་པུའི་ཞིབ་འཇུག་སུའོ་གསུམ་པ། ཐེར་ཁས་ལེན་དཔང་འདོན་ལྟེ་གནས་ཚད་ཡོད་ཀུང་སི་སོགས་ཁས་ལེན་དཔང་འདོན་སྒྲིག་གཞིས་རྒྱལ་ཁབ་ཁས་ལེན་དཔང་འདོན་ཁས་ལེན་ལྟ་སྐུལ་དོ་དམ་ཨུ་ལྷན་ལ《གྲངས་གཞིའི་བདེ་འཇགས་ཀྱི་ཉེན་ཁ་ཚོད་སྐོར་ཞབས་ཞུའི་ཁས་ལེན་དཔང་འདོན་སྒྲིག་སྲོལ》ཐོ་འགོད་སྙན་སེང་ཞུས་པ་དང་། འབྲེལ་ཡོད་ཁས་ལེན་དཔང་འདོན་སྒྲིག་གཞིས་ཁས་ལེན་དཔང་འདོན་སྒྲིག་སྲོལ་དང་འབྲེལ་ཡོད་ཚད་གཞི་གཞིར་བཟུང་ཁས་ལེན་དཔང་འདོན་ཚད་ལྡན་དུ་བཏང་ནས་ལག་ལེན་བསྟར་རྒྱུ་རེད། ཚོད་སྐོར་སྒྲིག་གཞིས་གོང་གསལ་གྱི་ཁས་ལེན་དཔང་འདོན་སྒྲིག་གཞིར་ཞབས་ཞུའི་ཁས་ལེན་དཔང་འདོན་རེ་ཞུ་བྱེད་ཆོག

    གསར་འགོད་པ། སྤྱི་བདེ་ལས་ཁུངས་ཀྱིས་དྲ་རྒྱའི་གྲངས་གཞིའི་བདེ་འཇགས་ཀྱི་ཉེན་ཁའི་ཚོད་སྐོར་ལས་དོན་སྒྲུབ་སྐབས་ཁྲིམས་གཏན་འཁེལ་བའི་འགན་འཁྲི་གང་དག་འཁུར་དགོས་སམ། ཞིབ་ཕྲའི་དོན་འཁྱོལ་བྱེད་ཐབས་གང་དག་ཡོད་དམ།

    སྤྱི་བདེ་པུའི་འབྲེལ་ཡོད་འགན་འཁུར་བ། འབྲེལ་ཡོད་བཅའ་ཁྲིམས་དང་ཁྲིམས་སྲོལ་གྱི་གཏན་འབེབས་གཞིར་བཟུང་། རྒྱལ་ཁབ་གྲངས་གཞིའི་བདེ་འཇགས་ལས་དོན་གྱི་མཐུན་སྦྱོར་ལམ་སྲོལ་གྱི་མཛུབ་ཁྲིད་འོག སྤྱི་བདེ་པུས་ཀྲུང་དབྱང་དྲ་འཕྲིན་གཞུང་དོན་ཁང་དང་བཟོ་འཕྲིན་པུའུ་སོགས་འབྲེལ་ཡོད་སྡེ་ཚན་དང་མཉམ་དུ་དྲ་རྒྱའི་གྲངས་གཞིའི་བདེ་འཇགས་ཀྱི་ཉེན་ཁ་ཚོད་སྐོར་གྱི་ཆེད་དོན་ལས་ཀའི་ལམ་སྲོལ་བཙུགས་ནས་དྲ་རྒྱའི་གྲངས་གཞིའི་བདེ་འཇགས་ཀྱི་ཉེན་ཁ་ཚོད་སྐོར་ལས་དོན་ལ་མཛུབ་ཁྲིད་དང་ལྟ་སྐུལ་བྱ་རྒྱུ་རེད།

    《དྲ་རྒྱའི་གྲངས་གཞིའི་བདེ་འཇགས་ཀྱི་ཉེན་ཁ་ཚོད་སྐོར་བྱ་ཐབས》དོན་འཁྱོལ་བྱས་ནས་ཕན་འབྲས་ཐོན་པའི་འགན་ལེན་བྱ་ཆེད། སྤྱི་བདེ་ལས་ཁུངས་ཀྱིས་ཁྲིམས་གཏན་འཁེལ་བའི་འགན་འཁྲིར་གཞི་ཚུགས་ནས་བརྒྱུད་རིམ་ཧྲིལ་པོའི་ལྟ་འདོམས་ལམ་སྲོལ་འཛུགས་རྒྱུ་རེད། དྲ་རྒྱའི་བདེ་འཇགས་རིམ་པའི་སྲུང་སྐྱོང་ཐོ་འགོད་སྙན་སེང་སོགས་ཀྱི་རྨང་གཞིའི་ལས་དོན་ལ་བརྟེན་ནས་ཁོངས་གཏོགས་ཁུལ་གྱི་དྲ་རྒྱའི་གྲངས་གཞི་ཐག་གཅོད་བྱེད་མཁན་གྱི་འབྲེལ་ཡོད་གནས་ཚུལ་ཁོང་དུ་ཆུད་པར་བྱས་ཏེ། སྟབས་བསྟུན་ལྟ་འདོམས་ཀྱི་རྩིས་ཁྲ་བཟོས་ནས་འཐུས་སྒོ་ཚང་དུ་གཏོང་དགོས། གྲངས་གཞི་གལ་ཆེན་ཐག་གཅོད་བྱེད་མཁན་གྱི་ཉེན་ཁ་ཚོད་སྐོར་གི་སྙན་ཞུའི་དྲང་བདེན་རང་བཞིན་དང་ཡང་དག་རང་བཞིན་ལ་ཞིབ་བཤེར་བྱེད་དགོས། བདེ་འཇགས་ཀྱི་ཉེན་ཁ་ཆེ་ཙམ་ཡོད་པ་དང་གྲངས་གཞིའི་བདེ་འཇགས་ཀྱི་ལས་འཛོལ་སོགས་ཀྱི་གནས་ཚུལ་ཐོན་རིགས་ལ། དྲ་རྒྱའི་གྲངས་གཞི་ཐག་གཅོད་བྱེད་མཁན་གྱིས་ཁས་ལེན་དཔང་འདོན་ཐོབ་པའི་ཕྱོགས་གསུམ་པའི་ཚོད་སྐོར་སྒྲིག་གཞིར་མངགས་བཅོལ་བྱས་ནས་ཉེན་ཁ་ཚོད་སྐོར་བྱ་རྒྱུར་ཁྲིམས་ལྟར་ལྟ་སྐུལ་བྱེད་དགོས།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།