དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཅང་སུའུ་སུའུ་ཆན་དུ་ཝེ་སུའུ་མྱུར་བགྲོད་ལྕགས་ལམ་ཅིང་ཧང་མི་བཟོས་གཙང་པོ་སྒྲོལ་བའི་ཟམ་ཆེན་གོ་རིམ་ལྡན་པའི་ངང་སྐྲུན་བཞིན་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2026-09-04

    ཉེ་ཆར། ཅང་སུའུ་སུའུ་ཆན་དུ་གནས་པའི་ཝེ་སུའུ་མྱུར་བགྲོད་ལྕགས་ལམ(ཧྲན་ཏུང་ཝེ་ཧྥང་ནས་སུའུ་ཆན་བར)ཅིང་ཧང་མི་བཟོས་གཙང་པོ་སྒྲོལ་བའི་ཟམ་ཆེན་དུས་ཚོད་དམ་འཛིན་གྱིས་སྐྲུན་བཞིན་ཡོད་པ་དང་། ཝེ་སུའུ་མྱུར་བགྲོད་ལྕགས་ལམ་གྱི་ཚོད་འཛིན་རང་བཞིན་གྱི་ལས་གྲྭའི་གྲས་ཤིག་ཡིན་པའི་ངོས་ནས། ཅིང་ཧང་གཙང་པོ་སྒྲོལ་བའི་ཟམ་ཆེན་གྱི་སྤྱིའི་རིང་ཚད་སྨི་461.1ཟིན་ཞིང་ལྕགས་སྒྲོམ་གཞུ་ཟམ་གྱི་ཟམ་པའི་འཆར་འགོད་བྱས་ཡོད་པ་རེད། ཝེ་སུའུ་མྱུར་བགྲོད་ལྕགས་ལམ་ནི་པེ་ཅིང་ནས་ཧྲང་ཧའེ་བར་གྱི་མྱུར་བགྲོད་ལྕགས་ལམ་རམ་འདེགས་བགྲོད་ལམ་གྱི་གྲུབ་ཆ་གལ་ཆེན་ཞིག་ཡིན་ཞིང་། བསྐྲུན་ཟིན་རྗེས་དབྱི་མོང་རི་བོ་དང་ཅང་སུའུ་ཞིང་ཆེན་བྱང་རྒྱུད་གསར་བརྗེའི་ཁུལ་རྙིང་པའི་མང་ཚོགས་ཀྱི་འགྲུལ་བཞུད་ལ་སྟབས་བདེ་བསྐྲུན་ནས། ས་ཁོངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་རམ་འདེགས་ཐུབ་རྒྱུ་ཡིན་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།