ཀྲུང་གོས་ནེ་པ་ལར་རོགས་སྐྱོར་བྱས་པའི་རོགས་སྐྱོབ་དངོས་ཟོག་ཁག་གཉིས་པ་འབྱོར་ནས་རྩིས་སྤྲད་པ།

འདི་ནི་ཀྲུང་ནེའི་ཕྱོགས་གཉིས་ཀྱི་མི་སྣས་རོགས་སྐྱོབ་དངོས་ཟོག་རྩིས་ལེན་རྩིས་སྤྲོད་བྱེད་བཞིན་པ།
ས་གནས་དེ་གའི་དུས་ཚོད་ཟླ་9ཚེས་1ཉིན་གྱི་ཕྱི་དྲོའི་ཆུ་ཚོད་5དང་སྐར་མ་30ཙམ་ལ། ཀྲུང་གོས་ནེ་པ་ལར་འཕྲལ་མྱུར་རོཌ་སྐྱོར་བྱས་པའི་འཕྲལ་མྱུར་རོཌ་སྐྱོབ་དངོས་ཟོག་ཁག་གཉིས་པ་བླུགས་པའི་ཀྲུང་གོའི་མཁའ་དམག་སྐྱེལ་འདྲེན—20ཨང་རྟགས་ཆེ་གྲས་ཀྱི་སྐྱེལ་འདྲེན་གནམ་གྲུ་ཧྲེན་ཀྲེན་པའོ་ཨན་རྒྱལ་སྤྱིའི་གནམ་ཐང་ནས་ཐོན་ཏེ་ནེ་པ་ལའི་རྒྱལ་ས་ཀ་ཏ་མན་རྡུའི་རྒྱལ་སྤྱིའི་གནམ་ཐང་དུ་འབྱོར་བ་རེད། ནེ་པ་ལར་རོཌ་སྐྱོར་བྱེད་པར་སྐྱོད་མཁན་ཀྲུང་གོའི་རོགས་སྐྱོབ་རིགས་གཅིག་མཁས་ཅན་ཁག་གསུམ་པའི་DNAདཔྱད་འདོམས་རིཌ་གཅིག་མཁས་ཅན་5ཡང་གནམ་ཐང་དུ་འབྱོར་བ་རེད།
ད་ཐེངས་ཀྱི་རོགས་སྐྱོབ་དངོས་ཟོག་ནེ་པ་ལ་ཕྱོགས་ཀྱི་དངོས་ཡོད་དགོས་མཁོར་གཞིགས་ནས་མི་མེད་གནམ་གྲུ་དང་། DNAཞིབ་དཔྱད་ཚད་ལེན་ཡོ་བྱད་དང་ཚོད་སྨན། ཆུ་དྭངས་སྒྲིག་ཆས། གློག་བཞུའི་སྒྲིག་ཆས་སོགས་ཚུད་པའི་ནེ་པ་ལ་ཕྱོགས་ལ་འཕྲལ་མཁོའི་དངོས་ཟོག་བཀོད་སྒྲིག་བྱས་པ་དང་ཁྱོན་ལྗིད་ཚད་ཏུན་5.8ཟིན་གྱི་ཡོད་པ་རེད།
རོགས་སྐྱོབ་དངོས་ཟོག་འཕྲལ་མར་གེགས་ཁུལ་དུ་འབྱོར་བའི་འགན་ལེན་བྱ་ཆེད། ཀྲུང་གོ་ཕྱི་འབྲེལ་པུའུ་དང་། ཚོང་དོན་པུའུ། འགག་སྒོ་སྤྱི་ཁྱབ་ཧྲུའུ། རྒྱལ་ཁབ་རྒྱལ་སྤྱི་འཕེལ་རྒྱས་མཉམ་ལས་ཧྲུའུ་སོགས་སྡེ་ཚན་གྱིས་མཐུན་སྦྱོར་གཞོགས་འདེགས་བྱས་ཏེ་ཟོག་ཁུངས་ལ་དམ་པོར་དམིགས་ནས། མཚན་མོ་དེ་རང་དུ་དོས་སྒམ་གྲུ་ཁར་དབོར་ནས་སྐྱེལ་འདྲེན་བྱས་པ་མ་ཟད། ཧྲེན་ཀྲེན་པའོ་ཨན་རྒྱལ་སྤྱིའི་གནམ་ཐང་ནས་འབྲེལ་ཡོད་འགྲོ་ལུགས་གང་མགྱོགས་གཉེར་ནས་དབོར་བ་རེད།
འབྲེལ་ཡོད་གསར་འགྱུར།