དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • སྤུས་ཚད་མཐོ་པོས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་ཀྲུང་ཨེའི་སྨྱན་སྦྱོར་གྱི་མཉམ་འབྲེལ་བཅར་འདྲིའི་གྲུབ་འབྲས་མཉམ་སྤྱོད་ཚོགས་འདུ་འཚོགས་པ།

    “དེ་བས་ཡུན་རིང་དང་། དེ་བས་ཡངས་པ། དེ་བས་བརྟན་པ་བཅས་ཀྱི་ཨེ་ཀྲུང་མཛའ་གྲོགས་ཀྱི་འབྲེལ་ཟམ་ཐུན་མོང་ཐོག་སྐྲུན་གྱི་ཡིན”

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     རྩོམ་པ་པོ།  དབྱང་དབྱི། ཀྲོའུ་ཀྲོའུ།   |     སྤེལ་དུས།  2026-09-04

    ཟླ་8ཚེས་30ཉིན། མི་དམངས་ཉིན་རེའི་ཚགས་པར་ཁང་གིས་གཙོ་གཉེར་བྱས་པའི་སྤུས་ཚད་མཐོ་པོས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་ཀྲུང་ཨེའི་སྨྱན་སྦྱོར་གྱི་མཉམ་འབྲེལ་བཅར་འདྲིའི་གྲུབ་འབྲས་མཉམ་སྤྱོད་ཚོགས་འདུ་ཨེ་ཅིབ་ཀྱི་རྒྱལ་ས་ཁེ་རོར་འཚོཌ་པ་རེད། མཉམ་སྤྱོད་ཚོགས་འདུའི་ཐོག་རྒྱལ་ཁབ་གཉིས་པོའི་སྨྱན་སྦྱོར་མི་སྣ་དང་རིགས་གཅིག་མཁས་ཅན་དང་མཁས་དབང་སོགས་ཀྱིས་མཉམ་འབྲེལ་བཅར་འདྲིའི་གྲུབ་འབྲས་དང་ཟུང་འབྲེལ་བྱས་ཏེ། སྨྱན་སྦྱོར་སྤེལ་རེས་མཉམ་ལས་ལ་ཤུགས་སྣོན་རྒྱག་པ་དང་སྤུས་ཚད་མཐོ་པོས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་ཀྲུང་ཨེའི་གཏམ་རྒྱུད་ཐུན་མོང་ཐོག་ཡག་པོ་བརྗོད་པའི་ཐད་གླེང་མོལ་དང་སྤེལ་རེས་བྱས་པ་རེད།

    ཟླ་8ཚེས་23ནས་27ཉིན་བར། མི་དམངས་ཉིན་རེའི་ཚགས་པར་དང་ཨེ་ཅིབ་ཀྱི་གཙོ་རྒྱུན་སྨྱན་སྦྱོར་11གི་གསར་འགོད་པས་ཨེ་ཅིབ་ཀྱི་རིགས་གཅིག་མཁས་ཅན་དང་མཁས་དབང་དང་། དྲ་ཐོག་གྲགས་ཅན་དང་དཔོད་བདག་སོགས་མི་30ཙམ་དང་མཉམ་དུ་ཨེ་ཅིབ་ཀྱི་ས་ཆ་མང་པོར་བསྐྱོད་དེ། ཀྲུང་ཨེའི་མཉམ་ལས་རྣམ་གྲངས་ཀྱི་ལས་ཡུལ་དུ་མཉམ་དུ་བཅར་འདྲི་བྱས་པ་རེད།

    “རྒྱལ་ཁབ་གཉིས་པོའི་གསར་འགོད་པས་མཉམ་དུ་བཅར་འདྲི་བྱས་ཏེ། ཟུར་ཚད་མི་འདྲ་བ་ནས་ཨེ་ཀྲུང་མཉམ་ལས་ཀྱི་གསོན་ཉམས་དོད་པའི་གཏམ་རྒྱུད་བརྗོད་ནས་སྲོལ་རྒྱུན་གྱི་ཕྱོགས་རྐྱང་པའི་གསར་འགྱུར་སྤེལ་གཏོང་ནས་ཐུན་མོང་ཐོག་གསར་རྩོམ་བྱེད་པའི་ཕྱོགས་སུ་སྒྱུར་བར་དོན་སྙིང་གཏིང་ཟབ་ལྡན་ཡོད། ཕན་ཚུན་རྒྱུས་མངའ་གཏིང་ཟབ་བྱུང་ཚེ། ཨེ་ཀྲུང་སྨྱན་སྦྱོར་མཉམ་ལས་གཞི་ནས་བརྟན་བགྲོད་རྒྱང་འཁྱོལ་ཡོང་ཐུབ”ཅེས་ཀྲུང་གོར་བཅའ་སྡོད་གསར་འགོད་པ་བྱེད་མྱོང་བ་དང་ཀྲུང་གོའི་ཞིང་ཆེན་12ལ་བཅར་འདྲིར་བསྐྱོད་མྱོང་བའི་ཨེ་ཅིབ་ཀྱི《གཏོར་གཟུགས་མཆོད་རྟེན་ཚགས་པར》གྱི་སྤྱི་ཁྱབ་རྩོམ་སྒྲིག་པ་གཞོན་པ་ས་སྨི·ཁཱ་མུའུ་ཧ་ཝུའེ་ཡིས་བརྗོད།

    ཨེ་ཅིབ་ཉི་ལུའོ་གཙང་པོ་བརྙན་འཕྲིན་ལས་ཁུངས་ཀྱི་གསར་འགོད་པ་ཨའེ་ཧ་མའེ་ཏེ·མུའུ་ཧན་མོ་ཏེ་ཡིས། གནའ་བོའི་དར་གོས་ལམ་བུ་ནི་ཤར་ཕྱོགས་དང་ནུབ་ཕྱོགས་སྦྲེལ་མཐུད་བྱེད་པའི་ཚོང་ལམ་ཞིག་ཡིན་ལ།ལམ་རྒྱུད་རྒྱལ་ཁབ་ཁག་གི་མི་དམངས་ཀྱི་བསམ་བློ་དང་། རིག་གནས། ཉམས་མྱོང་བཅས་སྤེལ་རེས་ལ་སྐུལ་འདེད་གཏོང་བའི་སྦྲེལ་ཐག་ཅིག་ཀྱང་རེད། “ད་ཆ‘རྒྱུད་གཅིག་ལམ་གཅིག’མཉམ་སྐྲུན་གྱི་གྲོས་འགོས་དེར་དོན་སྙིང་གསར་པ་བསྣན་ནས་མཉམ་སྐྲུན་རྒྱལ་ཁབ་ཁག་དེ་བས་དམ་པོར་སྦྲེལ་ཡོད”ཅེས་བརྗོད།

    “ཨེ་ཀྲུང་མཉམ་ལས་ཀྱི་མཚོན་བྱེད་རང་བཞིན་གྱི་རྣམ་གྲངས་མང་པོ་ཞིག་ལ་དཔང་པོ་བྱེད་པའི་བསྐལ་བ་ཐོབ་བྱུང་། དེ་དག་ནི་རྒྱལ་ཁབ་གཉིས་པོའི་མཛའ་གྲོགས་མཚོན་པའི་དཔང་པོ་ཡག་ཤོས་རེད། མཉམ་ལས་ཀྱི་གྲུབ་འབྲས་དེ་དག་ལས་རྒྱལ་ཁབ་གཉིས་པོའི་དབར་ཕྱི་འབྲེལ་བཙུགས་ནས་ལོ་ངོ་70སོང་རིང་གི་མཛའ་གྲོགས་ཟབ་མོ་དང་ཕན་ཚུན་གྱི་ཡིད་ཆེས་མཚོན་པ་དང་། ཨེ་ཀྲུང་འབྲེལ་བ་ནི་ཞི་བདེ་དང་། མཛའ་གྲོགས། མཉམ་ལས། འཕེལ་རྒྱས་བཅས་རྨང་གཞིར་བྱས་པའི་རྒྱལ་སྤྱིའི་འབྲེལ་བའི་དཔེ་མཚོན་ཞིག་ཡིན་པ་ར་སྤྲོད་ཐུབ་ཡོད”ཅེས་ཨེ་ཅིབ་ཀྱི《སྤྱི་མཐུན་རྒྱལ་ཁབ་ཚགས་པར》དྲ་ཚིགས་ཀྱི་གསར་འགོད་པ་ཨ་པུའུ་ཏུའུ་ལེ·ཧ་ལེ་མུའུ་ཡིས་བརྗོད།

    (འདི་ག་ཚགས་པར་ཁང་དུ་ཁེ་རོ་ནས་འབྱོར་བའི་གློག་འཕྲིན)

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།