དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • སྟོབས་ཤུགས་གཅིག་ཏུ་བསྒྲིལ། ནུས་ཤུགས་ཡོད་རྒུ་བཏོན།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     རྩོམ་པ་པོ།  མི་དམངས་ཉིན་རེའི་ཚགས་པར་གྱི་གསར་འགོད་པ།   |     སྤེལ་དུས།  2026-09-04

    ཟླ་8ཚེས་28ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་ཚོགས་འདུ་འཚོགས་ནས་བོད་ལྗོངས་གཞིས་རྩེ་གྲོང་ཁྱེར་སྐྱིད་གྲོང་རྫོང་གི་ཆུ་རུད་ཀྱི་གནོད་འཚེའི་ཉེན་སེལ་རོགས་སྐྱོབ་ལས་དོན་ལ་ཞིབ་འཇུག་བཀོད་སྒྲིག་བྱས་ཤིང་། འབྲེལ་ཡོད་ཕྱོགས་ཁག་གིས་སེམས་ཐག་གཙང་བཅད་དང་ནུས་ལྡན་གྱི་བྱེད་ཐབས་དང་ཚན་རིག་དང་མཐུན་ལ་ཕན་འབྲས་ཆེ་བའི་བྱ་ཐབས་སྤྱད་ནས་ཉེན་སེལ་རོགས་སྐྱོབ་ཀྱི་ལས་དོན་ཁག་ཏན་ཏིག་སྒྲུབ་བཞིན་ཡོད་པ་རེད།

    འཕྲལ་སྡོམ་དོ་དམ་པུའུ་དང་རྒྱལ་ཁབ་མེ་གསོད་རོགས་སྐྱོབ་ཅུས་ཀྱིས་མངགས་གཏོང་བྱས་པའི་མེ་གསོད་རོགས་སྐྱོབ་སྟོབས་ཤུགས་ཀྱིས་ས་ཁོངས་བསྒྲལ་ནས་དཔུང་རོགས་བྱས་ཏེ་ས་གནས་ཀྱིས་རོགས་སྐྱོབ་ཐག་གཅོད་ལས་དོན་ཡག་པོ་བསྒྲུབ་རྒྱུར་ནུས་ཤུགས་ཡོད་རྒུས་རྒྱབ་སྐྱོར་བྱས་ཡོད། རོགས་སྐྱོབ་བྱ་ཡུལ་དུ་གནས་སྐབས་ཏང་རྩ་འཛུགས་བཙུགས་པ་དང་ཏང་ཡོན་འཕྲལ་སྒྲུབ་རུ་ཁག་31བཀོད་སྒྲིག་བྱས་ཏེ་ཏང་ཡོན་རྐང་འཛིན་པ་སྒྲིག་འཛུགས་ཀྱིས་འཚོལ་སྐྱོབ་ལས་དོན་ནང་ཞུགས་པ་རེད། ཚེས་29ཉིན་གྱི་ཆུ་ཚོད་18པའི་བར། རྒྱལ་ཁབ་ཕྱོགས་བསྡུས་རང་བཞིན་མེ་གསོད་རོགས་སྐྱོབ་དཔུང་ཁག་གིས་རོགས་སྐྱོབ་སྟོབས་ཤུགས་མི་གྲངས་681དང་། རྫི་ཁྱི་13 རླངས་འཁོར་113 མི་མེད་གནམ་གྲུ་47 ཆེད་ལས་ཡོ་བྱད་དང་སྒྲིག་ཆས་སྣ་ཚོགས་བཅས་བཏང་ནས“ཆུ་ཐོག་དང་། སྐམ་ལམ། མཁའ་ཐོག”གསུམ་གྱི་ཕྱོགས་བསྡུས་འཚོལ་སྐྱོབ་མ་ལག་ལ་བརྟེན་ནས་རྒྱུན་ཆད་མེད་པར་ལེབ་བཤེར་རྣམ་པའི་འཚོལ་སྐྱོབ་བྱས་པ་རེད།

    གསར་འགོད་པར་རྒྱལ་ཁབ་གནས་སྤོས་ཡུལ་མི་དོ་དམ་ཅུས་ནས་ཤེས་རྟོགས་བྱུང་བར། ཚེས་29ཉིན་གྱི་ཆུ་ཚོད་15པ་ཙམ་ལ། གནས་སྤོས་ཡུལ་མི་དོ་དམ་གྱི་ཉེན་རྟོག་ཏང་ཡོན་རྐང་འཛིན་པ་18ལས་གྲུབ་པའི་འཚོལ་སྐྱོབ་འཕྲལ་སྒྲུབ་རུ་ཁག་སྐྱིད་གྲོང་འགག་སྒོའི་གནོད་འཚེ་ཕོག་པའི་ལྟེ་བའི་ཁུལ་དུ་བསྐྱོད་པ་རེད།

    ཚེས་29ཉིན། ཀྲུང་གོ་ཨན་ནེང་གིས་ལག་རྩལ་དང་རྩལ་ནུས་ཀྱི་རྐང་འཛིན་པ་60མངགས་པ་དང་རྐོ་འདྲུའི་འཕྲུལ་འཁོར་དང་འདོན་འཇུག་འཕྲུལ་འཁོར་སོགས་ལས་གྲྭའི་རོགས་སྐྱོབ་སྒྲིག་ཆས་14བསྐོང་བསྡུ་བྱས་ཏེ་རྒྱལ་ལམ་216གི་གཏོར་སྐྱོན་ཕོག་པའི་ལམ་དུམ་ནུས་ཤུགས་ཡོད་རྒུས་མྱུར་བཟོ་བྱས་པ་རེད།

    ཉེན་སེལ་རོགས་སྐྱོབ་ལས་དོན་བདེ་འཇགས་ངང་སྤེལ་ཐུབ་པའི་འགན་ལེན་བྱ་ཆེད། འཕྲལ་སྡོམ་དོ་དམ་པུས་རྒྱལ་ཁབ་གནོད་འཚེ་ཉུང་གཏོང་ལྟེ་གནས་ཀྱི“གནོད་འཚེ་ཚབས་ཆེན་སྐབས་ཀྱི་མི་མེད་གནམ་གྲུའི་འཕྲལ་སྡོམ་མཉམ་ལས་ལམ་སྲོལ”གྱི་ཁོངས་མི་ཚན་པའི་གནམ་གྲུ་གཏོང་མཁན་11མངགས་ཤིང་། ཁོང་ཚོས་མྱུལ་ཞིབ་མི་མེད་གནམ་གྲུ་7དང་ལྗིད་ཐེག་མི་མེད་གནམ་གྲུ་2བཏང་ནས་ལྟ་ཞིབ་ཚད་ལེན་དང་སྐྱེལ་སྤྲོད་ཚོགས་ཆུང་གཉིས་བཙུགས་ཏེ། འཕྲལ་སྡོམ་ལྟ་ཞིབ་ཚད་ལེན་དང་གཞོགས་འདེགས་རོགས་སྐྱོབ་ལས་དོན་རྒྱུན་མཐུད་སྤེལ་བ་རེད།

    ཉིན་ཤས་གོང་། ཀྲུང་གོ་ས་གཤིས་བརྟག་དཔྱད་ཅུས་ཀྱི་རིགས་གཅིག་མཁས་ཅན་གྱིས་བོད་རང་སྐྱོང་ལྗོངས་རང་བྱུང་ཐོན་ཁུངས་དཔུང་ཁག་དང་མཉམ་དུ་འཕྲལ་སྡོམ་བརྟག་དཔྱད་ཚོགས་ཆུང་མང་པོ་བཙུགས་ནས་རུ་སྣེ་ཁྲིད་དེ་གནོད་འཚེ་ཕོག་པའི་ལྟེ་བའི་ས་ཁོངས་སུ་འཁྱགས་རུད་ཐོན་ཁུལ་གྱི་མི་མངོན་པའི་ཉེན་ཁར་བརྟག་དཔྱད་དང་། འཁྱིལ་མཚོའི་ཆུ་རགས་ཀྱི་ཁྱད་ཆོས་ལ་བརྟག་དཔྱད། ཉེན་ཁར་ཞིབ་འཇུག་དང་བརྡར་ཤ་གཅོད་པ་བཅས་བྱས་པ་མ་ཟད། སྟོང་སྨི་ངོས་གྲུ་3ཟིན་པའི་མི་མེད་གནམ་གྲུའི་ཐད་འཕྲོའི་བརྙན་གཟུགས་བཟོས་པ་དང་། གནོད་འཚེ་ཕོག་པའི་རྒྱ་ཁྱོན་ཚོད་རྩིས་བྱས་པ། ཆུ་རགས་ཀྱི་གྲུབ་ཆ་དང་། གཞི་ཁྱོན། སྨད་རྒྱུད་ཀྱི་གྲོག་རོང་དུ་འདམ་ཆུ་ཆགས་ཚད་བཅས་བརྟག་ཞིབ་བྱས་པ་དང་སྦྲགས་མཐོ་གཟར་གྱི་ངོས་དང་། ཉེན་ཁ་ཆེ་བའི་འཁྱགས་མཚོ། མང་ཚོགས་བཀོད་སྒྲིག་བྱ་ཡུལ། དེ་བཞིན་རོགས་སྐྱོབ་བགྲོད་ལམ་བཅས་ཀྱི་མངོན་མེད་རྐྱེན་ངན་གྲལ་བཤེར་བྱས་ཏེ་སྔོན་འགོག་དང་ཚོད་འཛིན་བྱེད་ཐབས་རིམ་པ་བཞིན་དོན་འཁྱོལ་བྱས་པ་རེད།

    ཚེས་29ཉིན་གྱི་ཞོགས་པར། འཕྲལ་སྡོམ་དོ་དམ་པུའི་ཚན་རྩལ་དང་ཆ་འཕྲིན་ཅན་སིའི་བཀོད་གཏོང་བཀའ་རྒྱ་གཞིར་བཟུང་། རྒྱལ་ཁབ་རང་བྱུང་གནོད་འཚེ་འགོག་བཅོས་ཞིབ་འཇུག་ཁང་གི་འཕྲིན་གཏོང་འགན་ལེན་ལག་རྩལ་ཚོགས་ཆུང་གིས་མེ་ཟོན་རོགས་སྐྱོབ་དཔུང་ཁག་གི་ཁྲིད་སྟོན་འོག ཤིང་ལི་ཐུང་རྟགས་ཅན་གྱི་འཕྲལ་སྡོམ་རོགས་སྐྱོབ་ཀྱི་དམིགས་བསལ་སྲུང་སྐར་སྦྲེལ་ཚུགས་ཆ་ཚང་5ཁྱེར་ནས་གནོད་འཚེ་ཕོག་པའི་ལྟེ་བའི་ཁུལ་དུ་བསྐྱོད་པ་རེད། རྒྱལ་སྒོར་སྐྱོད་སའི་གཞུང་ལམ་མྱུར་བཟོའི་འཐབ་ས་དང་པོར་ལག་རྩལ་ཚོགས་ཆུང་གིས་ས་ཡུལ་དངོས་སུ་འཕྲལ་སྡོམ་འཕྲིན་གཏོང་སྦྲེལ་ལམ་མགྱོགས་མྱུར་བསྐྲུན་ནས་ས་ཡུལ་དངོས་ཀྱི་རོགས་སྐྱོབ་མི་སྣའི་སྒུལ་བདེའི་འཕྲིན་གཏོང་ཤར་གཏོང་ཐུབ་པའི་འགན་ལེན་བྱས་པ་རེད།

    གནོད་འཚེ་ཐོན་རྗེས། སྐྱིད་གྲོང་འགག་སྒོའི་ལམ་རྒྱུད་ཀྱི་འཕྲིན་གཏོང་སྒྲིག་བཀོད་ཁག་གཅིག་ལ་གཏོར་སྐྱོན་ཕོག་པ་དང་ས་ཁོངས་ཁག་གཅིག་གི་དྲ་རྒྱའི་བརྡ་རྟགས་ཆད་ཡོད། ཀྲུང་གོ་སྒུལ་བདེས་འཕྲལ་སྡོམ་འཕྲིན་གཏོང་འགན་ལེན་དཔུང་ཁག་བཙུགས་ནས་འཕྲལ་སྡོམ་མྱུར་བཟོ་བ་172བཏང་བ་དང་འགན་ལེན་རླངས་འཁོར་27སྐོང་བསྡུ་བྱས་ཏེ་མྱུར་བཟོའི་ལས་དོན་ཕྱོགས་ཡོངས་ནས་སྤེལ་བ་རེད།

    ཚེས་28ཉིན། ཀྲུང་གོ་གནམ་གཤིས་ཅུས་ཀྱིས་ཆེད་དོན་ཚོགས་འདུ་འཚོགས་ནས་སྐྱིད་གྲོང་རྫོང་གི་ཆུ་རུད་ཀྱི་ཉེན་སེལ་རོགས་སྐྱོབ་གནམ་གཤིས་ཞབས་ཞུའི་འགན་ལེན་ལས་དོན་བཀོད་སྒྲིག་ཧུར་ཐག་བྱས་པ་རེད། ཚོགས་འདུའི་ཐོག་འཕྲལ་སྡོམ་འགན་ལེན་གནམ་གཤིས་ཞབས་ཞུའི་ལས་དོན་ཆེད་སྒྲུབ་ཚན་ཁག་གི་ནུས་པ་གང་ལེགས་བཏོན་ནས་འགན་ལེན་ལས་དོན་ཁག་མཐུན་སྦྱོར་ངང་ཡག་པོ་སྒྲུབ་དགོས་པ་བཏོན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།