དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • སྐྱིད་གྲོང་རྫོང་གི་ཆུ་རུད་ཀྱི་གནོད་འཚེའི་ཉེན་སེལ་རོགས་སྐྱོབ་སྟེ།

    རྒྱལ་ལམ་216བརྒྱུད་ནས་སྐྱིད་གྲོང་འགག་སྒོར་སྐྱོད་སའི་སྐམ་ལམ་གཞི་རྩའི་ཆ་ནས་ཤར་གཏོང་ཐུབ་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2026-09-04

    ཟླ་9ཚེས་2ཉིན། གསར་འགོད་པས་བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གསར་འགྱུར་གཞུང་དོན་ཁང་གིས་འཚོགས་པའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱས་པར། སྐྱིད་གྲོང་དུ“8·26”ཆུ་རུད་ཀྱི་གནོད་འཚེ་ཐོན་རྗེས་ཕྱོགས་ཁག་གི་སྟོབས་ཤུགས་ཀྱིས་གཞོགས་འདེགས་དམ་ཟབ་བྱས་ནས་ཉིན་མཚན་མེད་པར་འབད་འཐབ་བྱས་ཤིང་། ཚེས་2ཉིན་གྱི་སྔ་དྲོར་རྒྱལ་ལམ་216བརྒྱུད་ནས་སྐྱིད་གྲོང་འགག་སྒོར་སྐྱོད་སའི་སྐམ་ལམ་གཞི་རྩའི་ཆར་ཤར་གཏོང་ཐུབ་པ་དང་། རོགས་སྐྱོབ་མི་སྣ་དང་། དངོས་ཟོག སྒྲིག་བཀོད་ཁག་གཅིག་བཅས་སྐམ་ལམ་བརྒྱུད་ལྟེ་བའི་ས་ཁོངས་སུ་འབྱོར་བ་མ་ཟད། འཚོལ་སྐྱོབ་དང་རྩད་འཚོལ་ལས་དོན་ཡང་གཏིང་ཟབ་ངང་སྤེལ་བཞིན་ཡོད་པ་རེད།

    གནོད་འཚེ་ཐོན་རྗེས་གཞིས་རྩེ་གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གིས་འབྲེལ་ཆད་མི་སྣའི་ནང་མིར་དུས་ཐོག་དང་རང་འགུལ་ངང་འབྲེལ་གཏུག་བྱས་ཏེ། ཁྱོན་ནང་མི་587ལ་སྣེ་ལེན་དང་བཀོད་སྒྲིག་བྱས་པ་དང་། དེ་དག་རྒྱལ་ནང་གི་འབྲེལ་ཆད་དང་རྐྱེན་ལམ་དུ་ཤོར་བའི་ནང་མི་253དང་འབྲེལ་བ་ཡོད། ཆེད་ལས་མི་སྣ་70བཀོད་སྒྲིག་བྱས་ནས་རྐྱེན་ལམ་དུ་ཤོར་བ་དང་འབྲེལ་ཆད་མི་སྣའི་ནང་མི་མི་ཐེངས་1107ལ་སེམས་ཁམས་ཁྲིད་སྟོན་དང་སེམས་གསོ་བཏང་བ་དང་། ལས་བྱེད་པ་1220ལྷག་ཙམ་སྒྲིག་འཛུགས་བྱས་ནས་ཞབས་ཞུ་འགན་ལེན་བྱས་པ་རེད། ཁ་པར་4ཤར་གཏོང་ཐུབ་པར་བྱས་ནས་རྒྱལ་ཁབ་ཕྱི་ནང་གི་འབྲེལ་ཆད་དང་རྐྱེན་ལམ་དུ་ཤོར་བའི་མི་སྣའི་ནང་མིར་བློ་འདྲིའི་ཞབས་འདེགས་ཞུས་པ་དང་། རྒྱལ་ཁབ་ཕྱི་ནང་གི་ནང་མིའི་ཁ་པར་ཐེངས་876(དེའི་ནང་རྒྱལ་ནང་གི་ཁ་པར་ཐེངས་448དང་ཕྱི་རྒྱལ་གྱི་ཁ་པར་ཐེངས་428ཡོད)འབྱོར་བ་དང་འབྲེལ་དུས་ཐོག་ཏུ་ཐོ་འགོད་བྱས་པ་དང་འབྲེལ་ཡོད་བློ་འདྲིའི་རེ་ཞུར་ལན་རེ་རེ་བཞིན་བཏབ་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།