ཞི་ཅིན་ཕིང་དང་ཕེང་ལི་ཡོན་རྣམ་གཉིས་ཀྱིས་ཨེ་ཅིབ་ཀྱི་ཙུང་ཐུང་སའེ་ཤིས་སྟངས་དཔྱལ་དང་ལྷན་དུ་ཨེ་ཅིབ་རྟེན་མཛོད་ཁང་ཆེ་མོར་གཟིགས་སྐོར་གནང་བ།

འདི་ནི་ཞི་ཅིན་ཕིང་དང་སྐུ་ཟླ་ཕེང་ལི་ཡོན་རྣམ་གཉིས་ཀྱིས་སའེ་ཤིས་དང་སྐུ་ཟླ་དབྱི་ཐི་སར་དང་ལྷན་དུ་རྒྱལ་ཁབ་གཉིས་པོའི་རྒྱལ་དར་མདུན་དུ་ལྷན་བཞུགས་དྲན་རྟེན་སྐུ་པར་བསྐྱོན་བཞིན་པ།

འདི་ནི་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་དང་སྐུ་ཟླ་ཕེང་ལི་ཡོན་རྣམ་གཉིས་ཀྱིས་ཨེ་ཅིབ་ཀྱི་ཙུང་ཐུང་སའེ་ཤིས་དང་སྐུ་ཟླ་དབྱི་ཐི་སར་གྱི་ཕེབས་རོགས་འོག་ཨེ་ཅིབ་རྟེན་མཛོད་ཁང་ཆེ་མོར་གཟིགས་སྐོར་གནང་བ།
ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་ཁེ་རོ་ནས་ཟླ་9ཚེས་2ཉིན་གློག་འཕྲིན་འབྱོར་གསལ། ས་གནས་དེ་གའི་དུས་ཚོད་ཟླ་9ཚེས་2ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་དང་སྐུ་ཟླ་ཕེང་ལི་ཡོན་རྣམ་གཉིས་ཀྱིས་ཨེ་ཅིབ་ཀྱི་ཙུང་ཐུང་སའེ་ཤིས་དང་སྐུ་ཟླ་དབྱི་ཐི་སར་གྱི་ཕེབས་རོགས་འོག་ཨེ་ཅིབ་རྟེན་མཛོད་ཁང་ཆེ་མོར་གཟིགས་སྐོར་གནང་བ་རེད།
ཅི་ས་ས་མཐོར་ལོ་ངོ་སྟོང་གི་ལོ་རྒྱུས་ལྡན་པའི་གཏོར་གཟུགས་མཆོད་རྟེན་གྱི་ཚོགས་དང་བརྗིད་ཉམས་ལྡན་པའི་ཨེ་ཅེབ་རྟེན་མཛོད་ཁང་ཆེ་མོ་གཉིས་ཕན་ཚུན་གཅིག་ལ་གཅིག་བརྒྱན་གྱི་ཚུལ་དུ་གནས།
ཞི་ཅིན་ཕིང་དང་ཕེང་ལི་ཡོན་རྣམ་གཉིས་རྟེན་མཛོད་ཁང་དུ་ཕེབས་འབྱོར་ཟིན་སྐབས། སའེ་ཤིས་སྟངས་དཔྱལ་གྱིས་སྤྲོ་སེམས་འཁོལ་པོས་ཕེབས་བསུ་ཞུས་ཤིང་། རྒྱལ་ཁབ་གཉིས་པོའི་གཙོ་བདག་སྟངས་དཔྱལ་འགྲེམས་སྟོན་ཚོམས་ཁང་དུ་ལྷན་དུ་ཕེབས་ནས་ལ་མེ་ཤིས་སི་སྐུ་ཐོག་གཉིས་པའི་བརྐོས་བརྙན་མདུན་དུ་སྐུ་པར་བསྐྱོན་པ་དང་འབྲེལ། རྟེན་མཛོད་ཁང་དང་གནའ་བོའི་ཨེ་ཅིབ་ཀྱི་ལོ་རྒྱུས་ངོ་སྤྲོད་གསན་པ་རེད། རྒྱལ་ཁབ་གཉིས་པོའི་གཙོ་བདག་སྟངས་དཔྱལ་སྐས་འཛེག་ནས་ཡར་འཛེག་ཕེབས་སྐབས་བཟོ་སྤུས་དག་ལ་བརྗིད་ཆགས་ཡིད་དུ་འོང་བའི་རྡོ་བརྐོས་སྐུ་བརྙན་དང་། བརྐོས་ཡིག་ཀ་རྡོ། ལྷ་ཁང་གི་རྡོ་རིང་བཅས་ལ་སྤྲོ་སྣང་ཆེན་པོས་གཟིགས་པ་དང་། དེ་རྗེས་ལྗོངས་གཟིགས་སྟེགས་བུའི་མདུན་གྱི་སྒེའུ་ཁུང་ནས་གཏོར་གཟུགས་མཆོད་རྟེན་གྱི་ཚོགས་ལ་རྒྱང་གཟིགས་གནང་བ་རེད། རྒྱལ་ཁབ་གཉིས་པོའི་གཙོ་བདག་ཐུའུ་ཐན་ཁ་མོང་འགྲེམས་སྟོན་ཚོམས་ཁང་དུ་ཕེབས་ནས་ཧྥ་ལོའི་བཞུགས་ཁྲི་དང་། གསེར་གྱི་འབག གོང་མ་ཚང་གི་འཐབ་འཁོར་སོགས་འགྲེམས་སྟོན་ཁང་གི་རྩ་ཆེའི་རིག་དངོས་ལ་གཟིགས་པ་རེད།
ཞི་ཅིན་ཕིང་གིས་གསུངས་དོན། ཀྲུང་གོ་དང་ཨེ་ཅིབ་ནི་ཤེས་དཔལ་དར་བའི་གནའ་བོའི་རྒྱལ་ཁབ་དང་འཛམ་གླིང་གི་ཤུལ་བཞག་མང་བའི་རྒྱལ་ཁབ་ཆེན་པོ་གཅིག་མཚུངས་ཡིན་ཞིང་། ཤེས་དཔལ་ཆེན་པོ་གཉིས་ཡུལ་དུས་བརྒལ་ནས་ཡུན་རིང་ཕྱོགས་གཉིས་སུ་དར་རྒྱས་བྱུང་སྟེ། རྒྱལ་ཁབ་གཉིས་པོའི་མི་རབས་ནས་མི་རབས་བར་གྱི་མི་དམངས་དབར་གྱི་མཛའ་གྲོགས་ཀྱི་ལེའུ་རྒྱུན་ཆད་མེད་པར་རྩོམ་བཞིན་ཡོད། ཕྱོགས་གཉིས་པོས་འདྲ་མཉམ་དང་། དཔྱད་འཛིན། གླེང་མོལ། བསྟུན་མཁས་བཅས་ཀྱི་ཤེས་དཔལ་ལྟ་བ་དར་སྤེལ་གཏོང་བ་དང་། གོ་ལ་ཧྲིལ་པོའི་ཤེས་དཔལ་གྲོས་འགོ་ལག་ལེན་བསྟར་བ། ཤེས་དཔལ་མི་འདྲ་བ་བསྟུན་མཁས་མཉམ་གནས་དང་སྤེལ་རེས་མཉམ་འཛིན་ལ་ཐུན་མོང་ཐོག་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་པར་སྐུལ་འདེད་གཏོང་ཆེད་ཤེས་དཔལ་གྱི་སྟོབས་ཤུགས་དེ་བས་མང་བ་གཅིག་ཏུ་འདུས་དགོས།
ཀྲུའུ་ཞི་ཞི་ཅིན་ཕིང་གིས་ན་ནིང་ཨེ་ཅིབ་རྟེན་མཛོད་ཁང་ཆེ་མོ་སྒོ་ཕྱེ་སྐབས་རྟེན་འབྲེལ་འཕྲིན་ཡིག་སྤྲིངས་པར་སའེ་ཤིས་ཀྱིས་ཐུགས་རྗེ་ཆེ་ཞུས་ཤིང་། ཁོང་གིས། གནའ་བོའི་ཨེ་ཅིབ་ཀྱི་ཤེས་དཔལ་དང་ཀྲུང་ཧྭའི་ཤེས་དཔལ་གཉིས་ཀར“བསྟུན་མཁས་མཉམ་གསོག་དང་སྣ་མང་མཉམ་གནས”ཀྱི་ཁྱད་ཆོས་ལྡན་པ་དེ་ཀྲུའུ་ཞི་ཞི་ཅིན་ཕིང་གིས་བཏོན་གནང་བའི་གོ་ལ་ཧྲིལ་པོའི་ཤེས་དཔལ་གྲོས་འགོའི་འདུ་ཤེས་དང་ཚད་མཐོའི་འཚམ་མཐུན་བྱུང་ཡོད། ཨེ་ཅིབ་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མི་ཆོས་རིག་གནས་སྤེལ་རེས་ཟབ་ཏུ་གཏོང་བ་དང་ཤེས་དཔལ་ཕན་ཚུན་དཔྱད་གཞིར་འཛིན་པར་སྐུལ་འདེད་བཏང་སྟེ། འཛམ་གླིང་དེ་བས་ཞི་མཐུན་བསྟུན་མཁས་ཡོང་བ་བྱེད་འདོད་ཡོད་ཅེས་གསུངས་པ་རེད།
ཚའེ་ཆི་དང་ཝང་དབྱི་སོགས་གོང་གསལ་གྱི་བྱེད་སྒོར་ཞུགས་པ་རེད།
འབྲེལ་ཡོད་གསར་འགྱུར།