དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • སྐྱིད་གྲོང་གི་ཆུ་རུད་ཐོན་སའི་ལྟེ་བའི་ཁུལ་ལ་གློག་ཤར་གཏོང་ཐུབ་འདུག

  • ཡོང་ཁུངས།   བོད་ལྗོངས་ཉིན་རེའི་ཚགས་པར་བོད་ཡིག་སྨྱན་སྦྱོར།   |     སྤེལ་དུས།  2026-09-03

    ཚེས་3ཉིན་གྱི་དགོང་མོ་རྒྱལ་ཁབ་གློག་དྲ་ཡིས་ཁྱབ་བསྒྲགས་བྱས་པར། བོད་ལྗོངས་སྐྱིད་གྲོང་དུ་ཆུ་རུད་ཀྱིས་གཏོར་སྐྱོན་ཕོག་པའི་རྒྱལ་ལམ་216བདེ་བླག་ངང་ཤར་གཏོང་ཐུབ་པ་དང་སྦྲགས། རྒྱལ་ཁབ་གློག་དྲ་བོད་ལྗོངས་གློག་ཤུགས་ཀྱིས་དུས་ཚོད་ལ་དམ་འཛིན་དང་འཕྲལ་སྡོམ་ཉེན་སེལ་སྟོབས་ཤུགས་ལ་ཤུགས་སྣོན་བརྒྱབ་སྟེ། རི་ཉིལ་བ་དང་རྡོ་ལྷུང་བའི་ཉེན་ཁར་མ་འཛེམ་པར་ཉིན་མཚན་ལྟོས་མེད་ངང་འབད་བརྩོན་བྱས་པ་བརྒྱུད། ཚེས་3ཉིན་གྱི་དུས་ཚོད་20ཙམ་ལ་བོད་ལྗོངས་སྐྱིད་གྲོང་འགག་སྒོའི་ལྟེ་བའི་ཁུལ་དུ་གློག་སྐུད་ཁྲིད་ནས་གློག་ཤར་གཏོང་ཐུབ་ཡོད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

འབྲེལ་ཡོད་གསར་འགྱུར།