དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • སྐྱིད་གྲོང་འགག་སྒོའི་གསོག་དངོས་མཐུག་ཤོས་ལ་སྨི་16ཟིན་པ།

  • ཡོང་ཁུངས།  བོད་ལྗོངས་ཉིན་རེའི་ཚགས་པར་བོད་ཡིག་སྨྱན་སྦྱོར།   |     སྤེལ་དུས།  2026-09-03

    གསར་འགོད་པར་ཟླ་9ཚེས་2ཉིན་འཚོགས་པའི་བོད་རང་སྐྱོང་ལྗོངས་སྐྱིད་གྲོང་རྫོང་གི“8·26”ཆུ་རུད་ཀྱི་གནོད་འཚེའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་ཐེངས་གསུམ་པ་ནས་ཤེས་རྟོགས་བྱུང་བར། མིག་སྔར་སྐྱིད་གྲོང་འགག་སྒོའི་ལྟེ་བའི་ཁུལ་གྱི་ཆུ་རུད་ཀྱི་གསོག་དངོས་མཐུག་ཚད་ལ་ཆ་སྙོམས་སྨི་4ཡོད་པ་དང་མཐུག་ཤོས་ལ་སྨི་16ཟིན་པ་མ་ཟད། ད་དུང་འདམ་རྫབ་ཀྱིས་ཁེངས་ཤིང་ཕ་བོང་མང་པོ་ཡོད་པ་རེད།

    ཟླ་9ཚེས་2ཉིན་གྱི་སྔ་དྲོར། རྒྱལ་ལམ་216བརྒྱུད་སྐྱིད་གྲོང་འགག་སྒོར་སྐྱོད་པའི་བགྲོད་ལམ་གཞི་རྩའི་ཆ་ནས་མྱུར་བཟོ་ཟིན་པ་དང་། རོགས་སྐྱོབ་མི་སྣ་དང་། དངོས་ཟོག སྒྲིག་ཆས་ཁག་གཅིག་ལྟེ་བའི་ཁུལ་དུ་འབྱོར་ནས་འཚོལ་ཞིབ་ལས་དོན་སྤེལ་བཞིན་ཡོད། གོམ་སྟབས་རྗེས་མར་གཙོ་བོ་ཕྱོགས་བཞི་ནས་འཚོལ་ཞིབ་ལས་དོན་སྤེལ་རྒྱུ་སྟེ།

    གཅིག་ནས་དུས་འགོར་ས་ངོས་ནས་རིམ་པས་འཚོལ་ཞིབ་བྱས་པའི་རྨང་གཞིའི་ཐོག་ཆེད་ལས་ཀྱི་དཔྱད་ཆས་དང་སྒྲིག་ཆས་ལ་བརྟེན་ནས་འཚོལ་ཞིབ་གཏིང་ཟབ་མོ་བྱས་ཏེ་འབྲེལ་ཆད་མི་སྣའི་ཆ་འཕྲིན་འཚོལ་རྙེད་གང་ཐུབ་བྱེད་རྒྱུ་དང་། རླངས་འཁོར་འཇོག་ས་དང་། མཉམ་འབྲེལ་ཞིབ་བཤེར་ཐོག་ཁང་། ཉལ་ཁང་སོགས་ལ་འཚོལ་ཞིབ་གཙོ་བོ་བྱེད་རྒྱུ།

    གཉིས་ནས་རེག་བརྡ་སོགས་ལྟ་ཞིབ་ཚད་ལེན་སྒྲིག་ཆས་སྤྱད་དེ་ཉེ་འཁོར་གྱི་རི་བོ་དང་།གྲོག་རོང་།གསོག་དངོས་བཅས་ལ་ཆུ་ཚོད་24རིང་ལྟ་ཞིབ་ཚད་ལེན་བསྟུད་མར་བྱེད་རྒྱུ་དང་གནམ་གཤིས་སྡེ་ཚན་གྱིས་ཆུ་ཚོད་6རེར་འབྲེལ་ཡོད་གནམ་གཤིས་སྔོན་བརྡ་གཏོང་རྒྱུ་དང་། འཚོལ་སྐྱོབ་བྱ་ཡུལ་ཚང་མར་ཆེད་ལས་བདེ་འཇགས་མི་སྣ་རེ་བཀོད་སྒྲིག་བྱས་ནས་ཕྱིར་འཐེན་དང་སྲོག་གྲོལ་གྱི་ལམ་ཐིག་གཅིག་གྱུར་ཐོག་གཏན་འཁེལ་བྱེད་རྒྱུ་དང་བདེ་འཇགས་མཉམ་འདུས་ཁུལ་སྔོན་འཛུགས་བྱེད་རྒྱུ།

    གསུམ་ནས་རྙེད་པའི་སྐུ་ཕུང་དུས་ཐོག་ཏུ་དབོར་འདྲེན་དང་ངོས་འཛིན་བྱས་ཏེ་རྗེས་མཐུད་ཀྱི་རྗེས་འཇུག་ལས་དོན་ནན་ཏན་ངང་ཡག་པོ་བསྒྲུབ་རྒྱུ་དང་། རྙེད་པའི་གཤིན་རྫས་དབྱེ་བ་གསལ་པོ་ཕྱེ་ནས་ཉར་ཚགས་དང་རྩིས་སྤྲོད་ཚད་ལྡན་བྱེད་རྒྱུ།

    བཞི་ནས་འཚོལ་སྐྱོབ་ས་ཁོངས་ལ་འཕྲོད་བསྟེན་ཉེན་ཁའི་དཔྱད་དཔོག་བྱས་ནས་འཕྲོད་བསྟེན་གྱི་རིམས་འགོག་ཚད་ལྡན་ངང་ལག་བསྟར་བྱེད་རྒྱུ་བཅས་རེད། 

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།