ས་འོག་ལྕགས་ལམ་འབབ་ཚུགས་སུ་སྟབས་བསྟུན་ལས་ཞུགས་ཀྱི་བློ་འདྲིའི་ས་ཚིགས་བཙུགས་པ།

2026ལོའི་ཟླ་8ཚེས་26ཉིན། ཨན་ཧུའེ་ཞིང་ཆེན་ཧོ་ཧྥེ་གྲོང་ཁྱེར་ལུའུ་དབྱང་ཆུས་ཧའེ་ཐང་ཁྲོམ་གཞུང་ཁོངས་གཏོགས་ཀྱི་ཧོ་ཧྥེ་ལྕགས་ལམ་འགྲིམ་འགྲུལ་ལམ་ཐིག་ཨང་3/5པའི་ཧའེ་ཐང་ས་ཚིགས་སུ་གྲོང་མི་ཚོས་ཧའེ་ཐང་ཁྲོམ་གཞུང་གི“སྤྱི་ལེ་གསུམ”གྱི་ལས་ཞུགས་འཁོར་རྒྱའི་ཞབས་ཞུའི་ས་ཚིགས་ནས་ལས་ཞུགས་ཀྱི་ལས་གནས་བློ་འདྲི་བྱེད་བཞིན་ཡོད་པ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། ཧའེ་ཐང་ཁྲོམ་གཞུང་ཏང་གི་ལས་དོན་ཨུ་ལྷན་གྱིས“སྒོ་འགྲམ་དུ་ལས་ཞུགས་ཐུབ་པར་བྱེད་པའི”འདུ་ཤེས་དེ་ལས་ཀར་འགྲོ་བའི་ལམ་བར་དུ་ཁྱབ་པར་བྱས་ཤིང་། ཞབས་ཞུའི་ས་ཚིགས་དེར་ལས་ཞུགས་ཞབས་ཞུའི་བློ་འདྲིའི་ས་ཚིགས་དང་། ལས་རིགས་རྩལ་ནུས་བློ་འདྲིའི་ས་ཚིགས། ལས་ཞུགས་སྲིད་ཇུས་དྲིལ་བསྒྲགས་ས་ཚིགས། སྟབས་བསྟུན་ལས་མིའི་འབྲེལ་གཏུག་ས་ཚིགས། ལས་འཚོལ་ལས་བསྡུའི་བྱེད་སྒོའི་ས་ཚིགས་བཅས་ས་ཚིགས་ཆེ་གྲས་ལྔ་ཡོད་པ་དང་འབྲེལ་རིག་ལྡན་ལས་ཞུགས་ཀྱི་རང་འདེམས་མཐའ་སྣེ་དང་ལས་བསྡུའི་ཆ་འཕྲིན་གྱི་བརྙན་ཤེལ་ཆེ་མོ་སོགས་ཀྱང་བསྒར་ཡོད་པ་རེད།
འབྲེལ་ཡོད་གསར་འགྱུར།