དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • 2026ལོའི་ཧྲང་ཧའེ་མཉམ་ལས་རྩ་འཛུགས་རྒྱལ་ཁབ་ཀྱི་མི་ཆོས་རིག་གནས་སྤེལ་རེས་བྱེད་སྒོ་པི་སི་ཁེག་ཏུ་སྤེལ་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2026-09-03

    ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་པི་སི་ཁེག་ནས་གློག་འཕྲིན་འབྱོར་གསལ། ཉེ་ཆར། ཀྲུང་གོའི་ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་དང་ཁེར་གྷི་སི་ཐན་རྒྱལ་ཁབ་བརྙན་འཕྲིན་རླུང་འཕྲིན་ཀུང་སིས་མཉམ་དུ་གཙོ་གཉེར་བྱས་པའི་2026ལོའི་ཧྲང་ཧའེ་མཉམ་ལས་རྩ་འཛུགས་རྒྱལ་ཁབ་ཀྱི་མི་ཆོས་རིག་གནས་སྤེལ་རེས་བྱེད་སྒོ་པི་སི་ཁེག་ཏུ་སྤེལ་ཞིང་། ཧྲང་ཧའེ་མཉམ་ལས་རྩ་འཛུགས་རྒྱལ་ཁབ་ཀྱི་ཆབ་སྲིད་དང་། དཔལ་འབྱོར། རིག་གནས། སྨྱན་སྦྱོར་སོགས་ལས་རིགས་ཁག་གི་མི་སྣ་གྲགས་ཅན་ཚུད་པའི་སྐུ་མགྲོན་བརྒྱ་ལྷག་ཙམ་བྱེད་སྒོར་ཞུགས་པ་རེད།

    བྱེད་སྒོའི་ཐོག་ཀྲུང་གོ་རྒྱལ་ཁབ་གློག་བརྙན་ཅུས་ཀྱིས་མཛུབ་ཁྲིད་བྱས་པ་དང་། ཀྲུང་གོ་གློག་བརྙན་པར་གཞི་སྒྲིག་བཟོ་མཁན་མཐུན་ཚོགས་ཀྱིས་པར་ལེན་ལས་འགན་ཁུར་བ། ཀྲུང་གོས་ཁེར་གྷི་སི་ཐན་དང་ཨུ་ཟ་བྷེ་ཁི་སི་ཐན་གྱི་གློག་བརྙན་བརྙན་འཕྲིན་སྒྲིག་གཞི་དང་མཉམ་དུ་པར་ལེན་བྱས་པའི་གློག་བརྙན《ང་ཚོའི་ཉིན་གཅིག》ཅེས་པ་པར་ལེན་བྱེད་འགོ་ཚུགས་ཤིང་། བྱེད་སྒོའི་རིང་ད་དུང་ཀྲུང་གོ་དང་ཁེར་གྷི་སི་ཐན་གྱི་མི་ཆོས་རིག་གནས་ཁྱབ་ཁོངས་ཀྱི་མཉམ་ལས་གྲུབ་འབྲས་རབ་དང་རིམ་པ་ཁྱབ་བསྒྲགས་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།