ལྕགས་སྒྲོམ་བཟོས། འགྲོ་ལམ་བཤངས།

འདི་ནི་ཟོག་འདྲེན་རླངས་འཁོར་གྱིས་གོ་རིམ་ལྡན་པའི་ངང་རྡོ་དབོར་བཞིན་པ།
ཉིན་ཤས་བསྟུད་མར། ཀྲུང་གོ་ཨན་ནེང་ཆེད་ལས་རོགས་སྐྱོབ་སྟོབས་ཤུགས་ཀྱིས་བོད་ལྗོངས་གཞིས་རྩེ་སྐྱིད་གྲོང་རྫོང་རྒྱལ་ལམ་216གི་གཏོར་སྐྱོན་ཕོག་པའི་ལམ་དུམ་མྱུར་བཟོའི་ལས་དོན་ལ་རྒྱུན་མཐུད་སྐུལ་འདེད་གཏོང་བཞིན་ཡོད། རོགས་སྐྱོབ་མི་སྣས་སྔོག་འཕྲུལ་གྱི་རྒྱུན་མཐུད་ལས་སྒྲུབ་བྱེད་སྟངས་སྤྱད་དེ། འཕྲུལ་འཁོར་རེ་རེ་བཞིན་གྱིས་རྡོ་དབོར་བ་དང་གྲལ་འགྲིག་པོར་བརྩིགས་ནས་ཆུ་རགས་ལྕགས་སྒྲོམ་སྔོན་ལ་བཟོས་པ་དང་། དེ་རྗེས་ལྕགས་སྒྲོམ་དུ་རྡོ་བརྒྱངས་ནས་ལམ་རྨང་བརྟན་པོ་བཏིང་བ་རེད།
འབྲེལ་ཡོད་གསར་འགྱུར།