དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • སྐྱིད་གྲོང་གི“8·26”ཆུ་རུད་ཀྱི་གནོད་འཚེའི་ཞལ་འདེབས་སྐོར་གྱི་སྤྱི་བསྒྲགས།

  • ཡོང་ཁུངས།  བོད་ལྗོངས་ཉིན་རེའི་ཚགས་པར་བོད་ཡིག་སྨྱན་སྦྱོར།   |     སྤེལ་དུས།  2026-09-02

    སྤྱི་ཚོགས་ལས་རིགས་ཁག་གི་གཅེས་སེམས་ཁེ་ལས་དང་། སྤྱི་ཚོགས་ཚོགས་པ། རྒྱ་ཆེའི་གཅེས་སེམས་མི་སྣ་བཅས་ལ།   

    གཞིས་རྩེ་གྲོང་ཁྱེར་སྐྱིད་གྲོང་རྫོང་གི“8·26”ཆུ་རུད་ཀྱི་གནོད་འཚེ་ཐོན་རྗེས། སྤྱི་ཚོགས་ལས་རིགས་ཁག་གིས་གེགས་ཁུལ་གྱི་མི་དམངས་ལ་གདུང་སེམས་མཉམ་སྐྱེས་བྱེད་པ་དང་། ཞལ་འདེབས་འབུལ་འདོད་ཆེན་པོ་བྱེད་པ་དེ་ཐོག་ནས་གེགས་ཁུལ་མི་དམངས་ལ་བརྩེ་སེམས་ཟབ་མོ་འཆང་བ་དང་སྒེར་སེམས་མེད་པར་ལེགས་སྐྱེས་འབུལ་བའི་དགེ་སྒྲུབ་ཀྱི་འདུན་པ་གང་ལེགས་མངོན་གྱི་ཡོད། སྤྱི་ཚོགས་ཀྱི་གཅེས་སེམས་སྟོབས་ཤུགས་སྔར་བས་གཅིག་སྒྲིལ་ཡོང་བ་དང་། སྤྱི་ཚོགས་ལས་རིགས་ཁག་གི་གཅེས་སེམས་ཀྱི་ཞལ་འདེབས་འབུལ་བའི་ཐབས་ལམ་ཤར་གཏོང་ཐུབ་པ། ཉེན་སེལ་གུད་སྐྱོབ་དང་དེ་བཞིན་གེགས་རྗེས་སླར་གསོ་བསྐྱར་བསྐྲུན་ལས་དོན་ལ་རོགས་སྐྱོར་བྱ་ཆེད། ད་ལྟ་སྐྱིད་གྲོང་གི“8·26”ཆུ་རུད་ཀྱི་གནོད་འཚེའི་ཞལ་འདེབས་དང་ལེན་སྐོར་གྱི་འབྲེལ་ཡོད་དོན་ཚན་སྤྱི་བསྒྲགས་བྱ་རྒྱུ་གཤམ་གསལ།

       གཅིག མ་དངུལ་བསྡུ་མཁན་ཚན་པ།   

    གཞིས་རྩེ་གྲོང་ཁྱེར་དགེ་སྒྲུབ་སྤྱི་ཁྱབ་ལྷན་ཚོགས།   

    གཉིས། མ་དངུལ་བེད་སྤྱོད་ཀྱི་ཁྱབ་ཁོངས།  

    ད་ཐེངས་དང་ལེན་བྱས་པའི་གེགས་སེལ་ཞལ་འདེབས་ཚང་མ་ཆེད་མངགས་སྐྱིད་གྲོང་གི“8·26”ཆུ་རུད་གནོད་འཚེའི་ཉེན་སེལ་གུད་སྐྱོབ་དང་གེགས་རྗེས་སླར་གསོ་བསྐྱར་སྐྲུན་ཀྱི་ལས་དོན་ཁག་ལ་སྤྱོད་རྒྱུ།   

    གསུམ། མ་དངུལ་ཞལ་འདེབས་འབུལ་ས།

    (གཅིག)ཞལ་འདེབས་འབུལ་སའི་དངུལ་ཁང་གི་རྩིས་ཁྲ། 

    རྩིས་ཁྲའི་མིང་། གཞིས་རྩེ་གྲོང་ཁྱེར་དགེ་སྒྲུབ་སྤྱི་ཁྱབ་ལྷན་ཚོགས། 

    རྩིས་ཁྲའི་ཨང་གྲངས། 

    2000018097000010 

    དངུལ་ཁང་། 

    བོད་ལྗོངས་དངུལ་ཁང་གཞིས་རྩེ་ཡན་ལག་དངུལ་ཁང་།

    རྩིས་ཁྲའི་མིང་། 

    གཞིས་རྩེ་གྲོང་ཁྱེར་དགེ་སྒྲུབ་སྤྱི་ཁྱབ་ལྷན་ཚོགས།   

    རྩིས་ཁྲའི་ཨང་གྲངས། 

    25680001040043262 

    དངུལ་ཁང་། 

    ཀྲུང་གོ་ཞིང་ལས་དངུལ་ཁང་མ་རྐང་ཚད་ཡོད་ཀུང་སི་གཞིས་རྩེ་ཧྲང་ཧའེ་དཀྱིལ་ལམ་ཡན་ལག་དངུལ་ཁང་།

    ཞབས་འདེབས་འབུལ་དུས་ཀྱི་ཟུར་མཆན། 

    སྐྱིད་གྲོང་གི“8·26”ཆུ་རུད་ཀྱི་གནོད་འཚེའི་ཉེན་སེལ་གུད་སྐྱོབ་ཀྱི་ཞལ་འདེབས།   

    (གཉིས) ས་གནས་ས་ཐོག་གི་ཞལ་འདེབས་རྒྱག་ས།   

    བོད་རང་སྐྱོང་ལྗོངས་གཞིས་རྩེ་གྲོང་ཁྱེར་བསམ་གྲུབ་རྩེ་ཆུས་ཅི་ལིན་དཀྱིལ་ལམ་སྒོ་རྟགས་15པ་གཞིས་རྩེ་གྲོང་ཁྱེར་དམངས་སྲིད་ཅུས་ཀྱི་གཞུང་ལས་ཐོག་ཁང་103

    (གསུམ) བློ་འདྲིའི་ཁ་པར།   

    མིག་དམར་མཚམས་གཅོད། 18143878088 

    སྐལ་གཡང་། 18308097778 

    བསྟན་པ་རྒྱལ་པོ། 13628921274 

    བདེ་སྐྱིད་སྒྲོལ་ལགས། 13628929950 

    སྤེན་པ་བུ་ཁྲིད། 13518928099 

    ངག་དབང་སྒྲོལ་མ། 13889027899 

    གཞིས་རྩེ་གྲོང་ཁྱེར་དགེ་སྒྲུབ་སྤྱི་ཁྱབ་ལྷན་ཚོགས་ནས།  

    2026ལོའི་ཟླ་9ཚེས་1ཉིན།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།