སྟོབས་ཤུགས་ཡོད་རྒུ་རྩལ་སྤྲུགས་བཏོན། འཚོལ་སྐྱོབ་ཆོད་སེམས་བྲག་ལྟར་བརྟན།
བོད་ལྗོངས་གཞིས་རྩེ་གྲོང་ཁྱེར་སྐྱིད་གྲོང་རྫོང་གི་ཆུ་རུད་ཀྱི་གནོད་འཚེ་ཐོན་ཡུལ་དུ་ཉེན་སེལ་རོགས་སྐྱོབ་བཀོད་སྒྲིག་གི་རྣམ་པ་རེ་རེ་ནི་སེམས་འགུལ་ཐེབས་དགོས་པ་ཞིག་ཡོད།
“མི་ཡོད་དམ། མི་ཡོད་དམ”ཞེས་སྐད་ཤུགས་ཆེན་པོས་འབོད་ཀྱིན་དུ་གནོད་འཚེ་ཕོག་ཁུལ་ལྟེ་བར་འབྱོར་བའི་རོགས་སྐྱོབ་མི་སྣས་འདམ་རྫབ་ཁྲོད་དུ་ལེབ་བཤེར་བྱས་ནས། རེ་བ་ཕྲན་བུ་ཡོད་ཚེ་སྟོབས་ཤུགས་ཡོད་རྒུ་རྩལ་སྤྲུགས་དང་འབད་བརྩོན་གང་ནུས་བྱེད་བཞིན་ཡོད་པ་རེད།
ཏང་ཡོན་ལས་བྱེད་པས་བགྲེས་སོང་རྒྱབ་ཏུ་ཁུར་བ་དང་ཕྲུ་གུ་པང་དུ་ཉར་ནས་འཇིགས་ཉེན་བཟོས་པའི་ས་ཁོངས་ཀྱི་མང་ཚོགས་500ཙམ་དུས་ཐོག་ཏུ་གནས་སྐབས་བཀོད་སྒྲིག་བྱ་ཡུལ་དུ་གནས་སྤོ་བྱས། ཡུལ་མི་ཞིག་གིས་འགྲོ་ཁར་ཁྱིམ་གྱི་ལྡེ་མིག་ཐད་ཀར་མི་དམངས་ཉེན་རྟོག་པའི་ལག་ཏུ་བཞག ལྡེ་མིག་ཅིག་དང་མངགས་བཅོལ་ཞིག་ལས་མངོན་པ་ནི་ཡིད་ཆེས་ཟབ་མོ་དེ་རེད།
མཐའ་འཁོར་གྱི་ཡུལ་མི་ཚོས་རང་འགུལ་ངང་གནས་ཚང་མགྲོན་ཁང་དང་བེད་མེད་ཁང་པ་གནས་སྤོ་བཀོད་སྒྲིག་བྱས་པའི་མང་ཚོགས་སྡོད་དུ་བཅུག་པ་དང་། དང་བླངས་པ་རྣམས་ཀྱིས་ཉལ་ཁྲི་བཟོས་པ་དང་ཁ་ལག་གཡོས་སྦྱོར་བྱས་ཏེ་ཁོང་ཚོར་གང་མགྱོགས་ཁ་ལག་ཚ་པོ་ཟ་བ་དང་ཆུ་འཁོལ་འཐུང་རྒྱུ་ཡོང་བ་སོགས་བྱས་ཤིང་། གནས་སྐབས་ཁྱིམ་དུ་ལོག་མི་ཐུབ་པའི་མང་ཚོགས་ཁྱིམ་ལ་སླེབས་པ་ལྟ་བུའི་དྲོ་སྐྱིད་སྦྱིན།
ཆར་རླུང་གིས་འཇབ་རྒོལ་བྱེད་སྐབས། ཆེས་བློས་འགེལ་ཆོག་པ་ནི་ག་རེ་ཡིན་ནམ་ཞེ་ན། དེ་ནི་ཀྲུང་གོ་གུང་ཁྲན་ཏང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་ནུས་པ་དང་། རང་རྒྱལ་གྱི་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་ཁྱད་འཕགས་ཀྱི་རྩ་འཛུགས་སྐུལ་སློང་ནུས་པ་དང་། སྤྱི་འདོམས་མཐུན་སྦྱོར་ནུས་པ། ལག་བསྟར་བྱེད་ནུས། དེ་བཞིན་ཀྲུང་ཧྭའི་ཤེས་དཔལ་ནང་གི་སྐྱིད་སྡུག་མཉམ་མྱོང་གི་རྨང་གཞི་ཟབ་མོ་བཅས་རེད།
ཚེ་སྲོག་གི་བགྲོད་ལམ་ཤར་གཏོང་ཐུབ་པར་འབད་བརྩོན་དང་སེམས་གསོ་ཁ་ཏ་ཧུར་ཐག་བྱེད་པ་དང་། ཀུན་སེམས་གཅིག་མཐུན་དང་བློ་སེམས་གཅིག་སྒྲིལ་བྱས་ཚེ། སྒྲོལ་མི་ཐུབ་པའི་ལམ་གང་ཡང་མེད།
འབྲེལ་ཡོད་གསར་འགྱུར།