དབུ་ཤོག>གསར་འགྱུར།>མི་རིགས་མཐུན་སྒྲིལ།
  • སེ་འབྲུའི་མེ་ཏོག་མ་འོངས་ཕྱོགས་ལ་བཞད།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-09-02

    འདི་ནི་འགྲན་ཞུགས་པས་གཏམ་བཤད་བྱེད་བཞིན་པ།

    འདི་ནི་སྐབས་བཞི་པའི་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་དུ་གཏོང་བའི་བརྗོད་དོན་གཙོ་བོའི་གཏམ་བཤད་འགྲན་བསྡུར་ཆེ་མོའི་མཐའ་བསྡུར་གྱི་སློབ་ཆུང་ཚོགས་ཆུང་གི་མཐའ་བསྡུར་བྱ་ཡུལ་ཡིན་པ།

    ཉེ་ཆར“སེ་འབྲུའི་མེ་ཏོག་མ་འོངས་ཕྱོགས་ལ་བཞད། གཞོན་ནུས‘ལོ་ལྔ་ཚན་བཅོ་ལྔར’འབད”ཅེས་པ་བརྗོད་དོན་གཙོ་བོར་བྱས་པའི་ལྗོངས་ཡོངས་ཀྱི་གཞོན་ནུ་ལོ་ཆུང་གི་སྐབས་བཞི་པའི་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་པའི་བརྗོད་དོན་གཙོ་བོའི་གཏམ་བཤད་འགྲན་བསྡུར་ཆེ་མོའི་མཐའ་བསྡུར་ལྷོ་ཁ་གྲོང་ཁྱེར་དུ་སྤེལ་བ་རེད།

    ད་ཐེངས་ཀྱི་འགྲན་བསྡུར་ཆེ་མོ་དེ་རང་ལྗོངས་ཀྱི་གཞོན་ནུ་ལོ་ཆུང་ཚོགས་སྤྱིར་ཕྱོགས་ཡོངས་ནས་ཁྱབ་ཅིང་། དེའི་ནང་བྱིས་པའི་ཚོགས་ཆུང་དང་། སློབ་ཆུང་ཚོགས་ཆུང་། སློབ་འབྲིང་ཚོགས་ཆུང་། གཞོན་ནུའི་ཚོགས་ཆུང་། གྲོང་ཚོའི་གཞོན་ནུའི་འགྲེམས་སྟོན་ཚོགས་ཆུང་། ཆོས་ལུགས་གཞོན་ནུའི་འགྲེམས་སྟོན་ཚོགས་ཆུང་བཅས་ཚོགས་ཆུང་དྲུག་བཙུགས་ཡོད། གཏམ་བཤད་འགྲན་བསྡུར་ནང་འགྲན་ཞུགས་པ་ཡོངས་ཀྱིས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་དུ་གཏོང་བའི་བརྗོད་དོན་གཙོ་བོར་དམ་པོར་དམིགས་ནས། རང་ངོས་འཚར་ལོངས་ཀྱི་ཉམས་མྱོང་དང་། རྒྱུན་གཏན་གྱི་སློབ་སྦྱོང་དང་འཚོ་བ། ལས་གནས་ལག་ལེན་གྱི་མྱོང་ཚོར་བཅས་དང་ཉེ་འགྲམ་གྱི་མིག་དཔེའི་བྱས་རྗེས་ཟུང་འབྲེལ་བྱས་ཏེ། ལྷག་བསམ་ཟོལ་མེད་ཀྱི་བརྩེ་སེམས་དང་། གསོན་ཉམས་དོད་པའི་དཔེ་མཚོན། བབ་ཆགས་པའི་སྐད་ཆ་བཅས་ཀྱི་ཐོག་ནས་མི་རིགས་ཁག་སྤུན་ཉེ་འཆམ་མཐུན་དང་ལྟ་རེས་སྐྱོང་རེས་ཀྱི་དྲོ་སྐྱིད་ལྡན་པའི་གཏམ་རྒྱུད་བརྗོད་ཡོད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།