དབུ་ཤོག>གསར་འགྱུར།>མི་རིགས་མཐུན་སྒྲིལ།
  • ཁང་དམར་རྫོང་གི་གྲངས་ཉུང་མི་རིགས་ཀྱི་འཐུས་མི་པེ་ཅིང་དང་ཧྲང་ཧའེ་རུ་བསྐྱོད་ནས་ལྟ་སྐོར་དང་སློབ་སྦྱོང་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-09-02

    ཉེ་ཆར། གཞིས་རྩེ་གྲོང་ཁྱེར་ཁང་དམར་རྫོང་གི“ས་མཐོའི་སེ་འབྲུ་དམར་པོ། དམར་མདངས་ཀྱི་ཁང་དམར”ཞེས་པའི་གྲངས་ཉུང་མི་རིགས་ལྟ་སྐོར་ཚོགས་པ་པེ་ཅིང་དང་ཧྲང་ཧའེ་རུ་ལྟ་སྐོར་སློབ་སྦྱོང་བྱེད་པར་བསྐྱོད་ཅིང་། དེའི་དམིགས་ཡུལ་ནི་མི་རིགས་མཐུན་སྒྲིལ་ཡར་ཐོན་འཛུགས་གཏོད་ལས་དོན་མུ་མཐུད་ཟབ་ཏུ་བཏང་ནས་མི་རིགས་ཁག་གི་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ལ་རྒྱུན་ཆད་མེད་པར་སྐུལ་འདེད་གཏོང་རྒྱུ་དེ་རེད།

    ལྟ་སྐོར་སློབ་སྦྱོང་བྱེད་རིང་། ལྟ་སྐོར་ཚོགས་པས་རྒྱལ་སའི་ལོ་རྒྱུས་རིག་གནས་སྲུང་སྐྱོང་དང་རིག་གནས་ཡུལ་སྐོར་མཉམ་འདྲེས་ཀྱི་ཉམས་མྱོང་གྲུབ་འབྲས་ལ་སློབ་སྦྱོང་གཏིང་ཟབ་བྱས་ཏེ། དབྱིངས་ཞུགས་ཉམས་ལེན་ལ་བརྟེན་ནས་རྒྱལ་གཅེས་ཀྱི་བརྩེ་སེམས་འཕེལ་བ་དང་། སྣ་མང་རིག་གནས་ཐོན་ཁུངས་ལ་བརྟེན་པ་དང་། མི་རིགས་མཐུན་སྒྲིལ་ཡར་ཐོན་འཛུགས་གཏོད་ལས་དོན་སྤེལ་བ། མི་རིགས་ཁག་གི་བསྒར་རྒྱན་རྣམ་པའི་མཉམ་འདྲེས་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་ཧྲང་ཧའེ་ཡི་སྔོན་ཐོན་བྱེད་སྟངས་ལ་ཐག་ཉེ་ས་ནས་ཤེས་རྟོགས་ཐུབ་ཡོད། ཚང་མས། ད་རེས་པེ་ཅིང་དང་ཧྲང་ཧའེ་ཡུལ་ལུང་གཉིས་ཀྱི་ལྟ་སྐོར་སློབ་སྦྱོང་གི་ནང་དོན་ཕུན་སུམ་ཚོགས་པས་བློ་སྐྱེད་དང་མཐོང་རྒྱ་ཆེ་རུ་ཕྱིན་སོང་། ལྟ་སྐོར་སློབ་སྦྱོང་གི་གྲུབ་འབྲས་འདི་ལས་ཀའི་སྒུལ་ཤུགས་སུ་བསྒྱུར་ནས་མི་རིགས་མཐུན་སྒྲིལ་གྱི་དྲང་ནུས་ཁྱབ་སྤེལ་ཧུར་ཐག་བཏང་སྟེ་བྱ་སྤྱོད་དངོས་ལ་བརྟེན་ནས་དུས་རབས་གསར་པའི་མི་རིགས་མཐུན་སྒྲིལ་ཡར་ཐོན་བྱ་གཞག་འཕེལ་རྒྱས་འགྲོ་བར་རམ་འདེགས་བྱེད་ཀྱི་ཡིན་ཞེས་གཅིག་རྗེས་གཉིས་མཐུད་ངང་བཤད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།