ལྷ་ས་གྲོང་ཁྱེར་མལ་གྲོ་གུང་དཀར་རྫོང་གུང་དཀར་གྲོང་རྡལ་གྱིས།
ཆུས་གཉིས་དང་རྫོང་གཉིས་ཀྱི་མི་རིགས་མཐུན་སྒྲིལ་སྤེལ་རེས་བྱེད་སྒོ་སྐབས་གསུམ་པ་གཉེར་བ།
ཉེ་ཆར། ལྷ་ས་གྲོང་ཁྱེར་དམངས་སྲིད་ཅུས་དང་མལ་གྲོ་གུང་དཀར་རྫོང་འཐབ་ཕྱོགས་གཅིག་གྱུར་པུས་གཙོ་གཉེར་བྱས་པའི་ཆུས་གཉིས་དང་རྫོང་གཉིས་ཀྱི་མི་རིགས་མཐུན་སྒྲིལ་སྤེལ་རེས་དང“སེ་འབྲུའི་བརྩེ་སེམས་རྒྱུན་མཐུད”ཀྱི་བརྗོད་དོན་གཙོ་བོའི་བྱེད་སྒོ་སྐབས་གསུམ་པ་མལ་གྲོ་གུང་དཀར་རྫོང་གུང་དཀར་གྲོང་རྡལ་དུ་སྤེལ་ཞིང་། བྱེད་སྒོ་དེ་རྒན་གཅེས་ཞབས་ཞུ་གཞི་རྟེན་དུ་བྱས་ནས་མི་རིགས་ཁག་དབར་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ལ་སྐུལ་འདེད་བཏང་ཡོད།
ད་ཐེངས་ཀྱི་བྱེད་སྒོ་དེ་མལ་གྲོ་གུང་དཀར་རྫོང་དང་། ཆུ་ཤུར་རྫོང་། ལྷ་ས་མཐོ་གསར་ཁུལ། སྟོད་ལུང་བདེ་ཆེན་ཆུས་བཅས་སུ་ཁྱབ་ནས་མི་རིགས་ཁག་གི་ལས་བྱེད་པ་དང་། རྒན་རྒོན་མང་ཚོགས། སྨན་དོན་དང་རིག་རྩལ་དང་བླངས་པ་བཅས་གཅིག་ཏུ་བསྡུས་ཏེ་རྒན་གསོའི་དམངས་ཕན་དང་མི་རིགས་མཐུན་སྒྲིལ་ཡར་ཐོན་འཛུགས་གཏོད་ལས་དོན་ཟུང་འབྲེལ་བྱས་ཏེ་ས་ཁོངས་སྒྲོལ་བའི་སྤེལ་རེས་ལས་སྟེགས་བཏོད་ཡོད།
ས་གནས་ས་ཐོག་ཏུ་དམངས་སྲོལ་འཁྲབ་སྟོན་དང་། མི་རིགས་མཐུན་སྒྲིལ་གྱི་ཤེས་བྱའི་དྲི་བ་དྲིས་ལན། སྤྲོ་སྣང་མཉམ་འགུལ་བཅས་བཀོད་སྒྲིག་བྱས་པ་དང་ཆབས་ཅིག་མལ་གྲོའི་འོད་སྟོང་སྤྱི་ཚོགས་ཞབས་ཞུ་ལྟེ་གནས་ཀྱི་སྒོ་བྱང་གི་ཡོལ་བ་ཕྱེ་ནས་གཞི་རིམ་གྱི་ཕུལ་བྱུང་ལས་དོན་པར་གཟེངས་བསྟོད་བྱས་པ་དང་ཆུས་དང་རྫོང་ཁག་དབར་ཕན་ཚུན་གོས་དར་སྤྲོད་རེས་དང་རྒན་གསོའི་ཞབས་ཞུ་རྒྱུན་འཛིན་གྱི་ལག་ཁྱེར་སྤྲད་པ་རེད།
ད་ཐེངས་ཀྱི་བྱེད་སྒོའི་ནང་མི་རིགས་མཐུན་སྒྲིལ་ཡར་ཐོན་འཛུཌ་གཏོད་དང་རྒན་གསོའི་ཞབས་ཞུ་མཉམ་འདྲེས་འཕེལ་རྒྱས་ཀྱི་ཐབས་ལམ་གསར་པ་འཚོལ་ཞིབ་བྱས་ཡོད། གོམ་སྟབས་རྗེས་མར། ཆུས་དང་རྫོང་ཁག་དང་སྤྱི་ཚོཌ་རྩ་འཛུཌ་ཀྱིས“སེ་འབྲུའི་བརྩེ་སེམས་རྒྱུན་མཐུད”ཀྱི་ཁྱད་ལྡན་སྤུས་རྟགས་མུ་མཐུད་གཏིང་ཟབ་ཏུ་བཏང་ནས་རྒྱུན་རྣམ་ཅན་གྱི་མི་རིགས་ཁག་གི་མང་ཚོགས་ཀྱི་མཉམ་འགུལ་ལས་སྟེཌ་བསྐྲུན་ཏེ་མི་རིཌ་མཐུན་སྒྲིལ་གྱི་མེ་ཏོག་གངས་ལྗོངས་ས་མཐོར་རྟག་ཏུ་བཞད་པར་བྱ་རྒྱུ་རེད།
འབྲེལ་ཡོད་གསར་འགྱུར།