དབུ་ཤོག>གསར་འགྱུར།>དམངས་འཚོ།
  • ཁུལ་ཆུང་སྒྱུར་བཀོད་བྱས། དམངས་ཀྱི་སེམས་པ་སྐྱིད།

    ——ཁྲེང་ཀོན་ཆུས་འོ་བརྒྱལ་ཐང་སྡེ་ཁུལ་གྱིས་ཁུལ་ཆུང་རྙིང་པ་སྒྱུར་བཀོད་ལ་སྐུལ་འདེད་ཏན་ཏིག་བཏང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-09-02

    ཉེ་ཆར། ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ཀརྨ་དགོན་གསར་ཁྲོམ་གཞུང་འོ་བརྒྱལ་ཐང་སྡེ་ཁུལ་གྱི་སྒྱུ་རྩལ་མཁས་ཅན་བདེ་སྡོད་ཁུལ་རྙིང་པ་སྒྱུར་བཀོད་ཀྱི་ལས་གྲྭ་དངོས་སུ་ལས་མཇུག་འགྲིལ་བ་རེད། ཁྲེང་ཀོན་ཆུས་སྡོད་ཁང་འཛུགས་སྐྲུན་ཅུས་དང་། ཀརྨ་དགོན་གསར་ཁྲོམ་གཞུང་། འོ་བརྒྱལ་ཐང་སྡེ་ཁུལ། ཨར་ལས་རུ་ཁག་བཅས་དང་གྲོང་མི་ཡོངས་ཀྱི་ཐུན་མོང་གི་གཞོགས་འདེགས་འོག་ཁུལ་ཆུང་གི་འཚོ་བའི་སྒྲིག་བཀོད་ཚང་མ་གསར་བརྗེས་རིམ་སྤོར་ཐུབ་པས་འཚོ་སྡོད་ཁོར་ཡུག་ལ་འགྱུར་ལྡོག་ཆེན་པོ་བྱུང་བ་དང་། འཚོ་བའི་ཁྲོད་ཀྱི་དམངས་ཕན་བྱེད་ཐབས་ཚང་མ་དོན་ཐོག་ཏུ་འཁྱོལ་བས་གྲོང་མི་ཚོས་ཁུལ་ཆུང་རྙིང་པ་སྒྱུར་བཀོད་ལས་བྱུང་བའི་སྟབས་བདེ་དང་སྐྱིད་སྣང་ཚོར་ཡོད།

    སྒྱུ་རྩལ་མཁས་ཅན་བདེ་སྡོད་ཁུལ་བསྐྲུན་སྔ་བས་ཁུལ་ཆུང་གི་རྨང་གཞིའི་སྒྲིག་བཀོད་རིམ་གྱིས་རྙིང་པར་གྱུར་ཏེ་གྲོང་མིའི་རྒྱུན་གཏན་འཚོ་བར་སྟབས་བདེ་མེད་པ་རེད། སྒྱུར་བཀོད་མ་བྱས་གོང་ཁུལ་ཆུང་གི་ལམ་ངོས་སུ་ཀོང་དོང་མང་བས་ཆར་པ་ཆེན་པོ་བབས་ཚེ་ཆུ་འཁྱིལ་བ་དང་འདམ་རྫབ་ཀྱིས་ཁེངས་ཀྱི་ཡོད། ལམ་སྒྲོན་མི་ཉུང་བ་ཞིག་སྔ་ས་ནས་ཆག་སྐྱོན་ཤོར་བས་ལམ་ཟུར་དང་སྒོ་འགྲམ་དུ་གློག་འོད་གསལ་པོ་མེད། ལྡིར་སོ་སྤྲོས་ཆས་ཀྱང་མང་པོ་མེད་པའི་ཁར་རྙིང་པར་གྱུར་པས་ཁུལ་ཆུང་གི་བདེ་སྲུང་ཐད་འགན་ལེན་ཡག་པོ་ཐུབ་ཀྱི་མེད། ས་འོག་གི་བཙོག་འབུད་མདོང་ལམ་འགགས་ནས་ཆར་ཆུ་དང་བཙོག་གཅིན་ལོགས་སུ་འགྲོ་མ་ཐུབ་པར་དྲི་ངན་འཐུལ་གྱི་ཡོད།

    སྡེ་ཁུལ་གྱི་ལས་དོན་པ་བྱམས་པ་གཡང་སྐྱིད་ཀྱིས་གསར་འགོད་པར། དུས་རྒྱུན་ལས་ཀ་བྱེད་སྐབས་སྡེ་ཁུལ་ལ་གྲོང་མིའི་རེ་ཞུ་ཡང་ཡང་འབྱོར་གྱི་འདུག དེར་བརྟེན་ཁྲོམ་གཞུང་དང་སྡེ་ཁུལ་གྱི་ལས་དོན་པས་ས་གནས་ས་ཐོག་ཏུ་རྩད་ཞིབ་ཐེངས་མང་བྱས་པ་དང་གྲོང་མི་བསྐོངས་ནས་བཞུགས་མོལ་བྱས་ཏེ། ཚང་མས་གོང་ཞུ་བྱས་པའི་ཆུ་དང་། འགྲོ་ལམ། གློག་སྒྲོན། བདེ་སྲུང་། མདོང་ལམ་སོགས་ཀྱི་གནད་དོན་རེ་རེ་བཞིན་གསེད་བཀྲོལ་དང་ཕྱོགས་བསྡུས་བྱས་ནས་གོང་རིམ་གྱི་སྡོད་ཁང་འཛུགས་སྐྲུན་སྡེ་ཚན་ལ་ཁུལ་ཆུང་རྙིང་པའི་སྒྱུར་བཀོད་རྣམ་གྲངས་རེ་ཞུ་བྱས་པ་ཡིན། སྒྱུར་བཀོད་ཇུས་གཞི་ཇུས་འགོད་ཀྱི་དུས་མཚམས་སུ་ཨར་སྐྲུན་རྣམ་གྲངས་ཚང་མ་གྲོང་མིའི་འཚོ་བའི་དགོས་མཁོ་དངོས་ལ་དམིགས་ནས་གཏན་འཁེལ་བྱེད་པ་ལས་ཕྱིའི་རྣམ་པ་ཁོ་ནར་དམིགས་པ་ཞིག་མ་ཡིན་ཞེས་བཤད།

    ད་ཐེངས་ཀྱི་སྒྱུར་བཀོད་ནང་མང་ཚོགས་ཀྱིས་སེམས་ཁྲལ་བྱེད་སར་དམིགས་ནས་སྒྱུར་བཀོད་ཀྱི་ནང་དོན་ཁག་5གཏན་འཁེལ་བྱས་པ་སྟེ། ཆུ་ཤུགས་ཆེ་རུ་གཏོང་བའི་སྒྲིག་ཆས་བསྒར་བ་དང་། ཆུ་སྦུག་མདོང་ལམ་ལེགས་སྒྱུར་བྱས་ནས་ཐོག་སོ་མཐོ་སར་ཆུ་དཀོན་པའི་གནད་དོན་ཐག་གཅོད་བཅས་བྱས་པ་དང་། སྣུམ་ནག་ལམ་བསྐྱར་དུ་བཏིང་ནས་ལམ་ཁོད་སྙོམས་པ། ལམ་སྒྲོན་བརྗེ་བ་དང་ཁ་སྣོན་བྱས་ནས་གང་སར་གློག་འོད་འཕྲོ་བར་བྱས་པ། ལྡིར་སོ་སྤྲོས་ཆས་གསར་པ་དང་ཐོལ་པ་བསྒར་ནས་བདེ་སྲུང་གི་འགན་ལེན་ཏན་ཏིག་བྱས་པ། བཙོག་འབུད་མདོང་ལམ་རྙིང་པ་བརྗེས་ནས་ཆར་པ་དང་བཙོག་ཆུ་ལོགས་སུ་འགྲོ་ས་བཟོས་པ་བཅས་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།