དབུ་ཤོག>གསར་འགྱུར།>དམངས་འཚོ།
  • ལྷུན་གྲུབ་རྫོང་སློབ་གསོ་ཅུས་ཀྱིས་དུད་ཚང་དུ་འཚམས་འདྲིར་བསྐྱོད་ནས་མང་ཚོགས་ལ་དྲོ་སྐྱིད་སྦྱིན་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-09-02

    འདི་ནི་ལས་དོན་པས་དུད་ཚང་དུ་བསྐྱོད་ནས་སློབ་མའི་གནས་ཚུལ་ལ་ཤེས་རྟོགས་དང་འབྲེལ་ཡོད་ཆ་འཕྲིན་ཐོ་འགོད་བྱེད་བཞིན་པ།

    ཁུ་ནུའི་ན་གཞོན་ཁེ་ལས་མཁས་ཅན་ཚོང་ཚོགས་ཀྱི་སྤྱི་ཕན་སློབ་སྐྱོར་རྣམ་གྲངས་དོན་འཁྱོལ་ལ་ཕན་འབྲས་ཐོན་རྒྱུར་སྐུལ་འདེད་བཏང་སྟེ་སློབ་སྐྱོར་རོགས་དངུལ་ཚད་ལྡན་སྤྱོད་པ་དང་རོགས་སྐྱོར་གནད་སྨིན་ཐུབ་པར་འགན་ལེན་བྱ་ཆེད། ཉེ་དུས་ལྷུན་གྲུབ་རྫོང་སློབ་གསོ་ཅུས་བསམ་བློ་ཆབ་སྲིད་གཞུང་ལས་ཁང་གི་ལས་དོན་པས་ས་གནས་ས་ཐོག་ཏུ་འདྲི་རྟོག་ལས་དོན་སྤེལ་བར། རྫོང་ཡོངས་ནས་དཀའ་ངལ་ཡོད་པའི་སློབ་མའི་ཁྱིམ་ཚང་10ལ་གྲལ་བཤེར་ཐུབ་པ་རེད།

    འཚམས་འདྲིར་སྐྱོད་རིང་། ལས་དོན་པས་དངོས་སྒྲུབ་དོ་ནན་དང་ནན་ཏན་འགན་ཁུར་གྱི་ལས་ཀའི་རྣམ་འགྱུར་མཐའ་འཁྱོངས་ཀྱིས། དུད་ཚང་རེ་རེ་བཞིན་ལ་འདྲི་རྟོག་བྱས་ནས་སློབ་མ་དང་དེ་བཞིན་ཁྱིམ་བདག་དང་སྤེལ་རེས་ཟབ་མོ་བྱས་ཏེ་ཁྱིམ་ཚང་གི་དཔལ་འབྱོར་ཡོང་ཁུངས་དང་། འཚོ་བའི་དཀའ་ངལ་དངོས། སློབ་མའི་ཉེ་དུས་ཀྱི་སློབ་སྦྱོང་གནས་ཚུལ་བཅས་ཤེས་རྟོགས་ཞིབ་ཕྲ་བྱས་པ་མ་ཟད། འབྲེལ་ཡོད་ཆ་འཕྲིན་ལ་ཞིབ་དཔྱད་ཞིབ་ཚགས་བྱས་པ་དང་། འདྲི་རྟོག་གནས་ཚུལ་ཐོ་འགོད་ཞིབ་ཕྲ་བྱས་ཏེ། ཐོབ་ཐང་གི་ཞིབ་དཔྱད་ལས་དོན་དོ་ནན་བསྒྲུབས་པ་རེད།

    འདྲི་རྟོག་བྱེད་རིང་། ལས་དོན་པས་སློབ་མ་མང་པོ་ཞིག་གི་སྡོད་གནས་ཆ་རྐྱེན་བལྟོས་བཅས་ཀྱིས་ཞན་པ་དང་འཚོ་བའི་ཆ་རྐྱེན་ཅུང་སྐྱོ་ཙམ་ཡོད་མོད། འོན་ཀྱང་ཁང་པའི་གྱང་ལྡེབས་སུ་གཟེངས་བསྟོད་ལག་ཁྱེར་མང་པོ་སྦྱར་བ་མཐོང་སྐབས་འདྲི་རྟོག་བྱེད་མཁན་ཚོར་སེམས་འགུལ་ཚད་མེད་ཐེབས་ཤིང་། ཁོང་ཚོས་ཁྱིམ་བདག་ཚོར་སློབ་སྐྱོར་སྲིད་ཇུས་དང་རོགས་སྐྱོར་ཞིབ་སྲོལ་སྐོར་འགྲེལ་བཤད་ཞིབ་ཕྲ་བརྒྱབ་སྟེ་ཁོང་ཚོར་དྲོ་སྐྱིད་བྱིན་ཡོད།

    ད་ཐེངས་ཀྱི་མཉམ་འབྲེལ་འདྲི་རྟོག་བྱས་པ་ལས་དཀའ་ངལ་ཡོད་པའི་སློབ་མའི་ཁྱིམ་ཚང་གི་གནས་ཚུལ་དངོས་ཕྱོགས་ཡོངས་ནས་གསལ་རྟོགས་ཐུབ་ཡོད། འབྲེལ་ཡོད་འགན་ཁུར་བས། འདྲི་རྟོག་བྱས་འབྲས་དང་ཟུང་འབྲེལ་བྱས་ཏེ་རོགས་སྐྱོར་བྱ་ཡུལ་གཏན་འཁེལ་བྱེད་པ་དང་། སློབ་སྐྱོར་རོགས་སྐྱོར་གྱི་ལས་དོན་ཁག་གོ་རིམ་ལྡན་པའི་ངང་སྤེལ་བ། སློབ་མའི་སློབ་གཉེར་གྱི་ལམ་བུར་སེམས་ནུས་ཡོད་རྒུས་རོགས་སྐྱོར་བཅས་བྱས་ནས། སྤྱི་ཚོགས་ཀྱི་གཅེས་སེམས་གཞོན་ནུ་ལོ་ཆུང་འཚར་ལོངས་དང་ཤེས་ལྡན་པར་འགྱུར་བའི་སྟོབས་ཤུགས་དངོས་ལ་འགྱུར་བར་བྱེད་ཀྱི་ཡིན་ཞེས་བཤད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།