དབུ་ཤོག>གསར་འགྱུར།>དཔལ་འབྱོར།
  • མཚོ་སྣ་གྲོང་ཁྱེར་ཁྲལ་དོན་ཅུས་ཀྱིས།

    ཁྱད་ལྡན་ཞིང་ལས་འཕེལ་རྒྱས་ལ་རོགས་སྐྱོར་མཐའ་གཅིག་ཏུ་བྱེད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-09-02

    འདི་ནི་ཁྲལ་དོན་པས་མཚོ་སྣ་གྲོང་ཁྱེར་སྦྱོར་ར་ཤང་གི་རླམ་རྩྭ་ཕོ་སུལ་འདེབས་འཛུགས་རྟེན་གཞིར་བརྟག་ཞིབ་བྱེད་བཞིན་པ།

    ཁྱོན་མ་དངུལ་སྒོར་ཁྲི་500ཙམ་བཏང་བའི་མཚོ་སྣ་གྲོང་ཁྱེར་སྦྱོར་ར་ཤང་གི་རླམ་རྩྭ་ཕོ་སུལ་འདེབས་འཛུགས་རྟེན་གཞི་ནི་མིག་སྔར་ཐོན་འབབ་བརྟན་པོའི་དུས་མཚམས་སུ་སླེབས་ཤིང་། དེ་ནས་ཐོན་སྐྱེད་བྱས་པའི་རླམ་རྩྭ་ཕོ་སུལ་གྱི་སྤུས་ཚད་ལེགས་པ་དང་། གཙོ་བོ་པེ་ཅིང་དང་། ཧྲང་ཧའེ། ཀོང་ཀྲོའུ་སོགས་རིམ་པ་དང་པོའི་གྲོང་ཁྱེར་གྱི་རྩེར་སོན་ཁྲོམ་རར་འཚོང་གི་ཡོད། འདེབས་འཛུགས་ལག་རྩལ་ཉིན་རེ་བཞིན་གནད་སྨིན་འཐུས་ཚང་དུ་ཕྱིན་པ་དང་ཐོན་ནུས་ཆེ་རུ་བརྟན་པོ་ཕྱིན་པ་དང་བསྟུན་ནས་རྟེན་གཞིའི་འགན་འཁུར་བ་ཀྲང་ཅིན་ཧུའུ་ཡིས། “སླད་ཕྱིན་ཐོན་འབབ་རྦད་དེ་ཆེ་རུ་གཏོང་ཐུབ་རྗེས། ང་ཚོས་ཕྱི་རྒྱལ་གྱི་བྲིན་ཚོང་ཐབས་ལམ་སྔར་བས་རྒྱ་ཆེར་བཏང་ནས་ས་མཐོའི་རྩ་ཆེའི་ཐོན་རྫས་འཛམ་གླིང་དུ་འཚོང་རྩིས་ཡོད། འོན་ཀྱང་རྒྱལ་སྒྲོལ་ཚོང་དོན་གྱི་ཁྲལ་འབྲེལ་དོན་ཚན་ལ་ང་ཚོས་རྒྱུས་མངའ་དེ་ཙམ་མེད”ཅེས་འབྱུང་འགྱུར་ལ་ཡིད་ཆེས་ཀྱིས་ཁེངས་པ་དང་སྦྲགས་སེམས་ཁྲལ་བྱེད་ཞོར་དུ་བཤད།

    དེར་བརྟེན་རྒྱལ་ཁབ་ཁྲལ་དོན་སྤྱི་ཁྱབ་ཅུས་མཚོ་སྣ་གྲོང་ཁྱེར་ཁྲལ་དོན་ཅུས་ཀྱིས་ལས་སྒོའི་རྐང་འཛིན་པ་སྒྲིག་འཛུགས་བྱས་ནས་ཁོངས་གཏོགས་ཁུལ་གྱི་ཁྱད་ལྡན་ཞིང་ལས་ཁེ་ལས་སུ་བསྐྱོད་དེ་འདྲི་རྩད་བརྟག་ཞིབ་དང་སྲིད་ཇུས་ཟུར་ཁྲིད་ཀྱི་བྱེད་སྒོ་སྤེལ་བ་རེད།

    གསར་འགོད་པ་ཁྲལ་དོན་པ་དང་མཉམ་དུ་འདེབས་འཛུགས་ཀྱི་དྲོད་ཁང་ཆེ་མོར་བསྐྱོད་པ་ཡིན། དེ་གར་ཁྲལ་དོན་པས་རླམ་རྩྭ་ཕོ་སུལ་འདེབས་འཛུགས་ཀྱི་ཁོར་ཡུག་ལ་ལྟ་ཞིབ་ཞིབ་ཕྲ་བྱས་རྗེས། ཁེ་ལས་ཀྱིས་འཛིན་ཤོག་ལེན་པ་དང་གནས་ཐང་འཕར་ཁྲལ་གྱི་འདུན་ཞུ་སོགས་རྒྱུན་གཏན་གྱི་ཁྲལ་འབྲེལ་དོན་ཚན་སྐོར་སྐད་ཆ་དྲིས་པ་དང་སྦྲགས། ཞིང་ལས་ཐོན་རྫས་བྲིན་ཚོང་ལྷུ་ཚིགས་ཀྱི་ཁྲལ་འབྲེལ་སྲིད་ཇུས་ཞིབ་ཕྲ་དོན་འཁྱོལ་བྱས་ཚུལ་ལ་ཞིབ་དཔྱད་བྱས་པ་རེད། ཁེ་ལས་ཀྱིས་དོ་ཁུར་བྱེད་པའི་ཉོ་སྒྲུབ་ལྷུ་ཚིགས་སུ་དཔང་འཛིན་ལ་བརྟེན་ནས་དོ་དམ་བྱེད་པ་སོགས་ཀྱི་གནད་དོན་དང་། དེ་བཞིན་འབྱུང་འགྱུར་རྒྱལ་སྒྲོལ་ཚོང་དོན་ལ་འཕྲད་སྲིད་པའི་ཁྲལ་འབྲེལ་ཉེན་ཁར་དམིགས་ནས། ཁྲལ་དོན་པས་ས་གནས་ས་ཐོག་ཏུ“གཅིག་ལ་གཅིག་གཏད”ཀྱིས་ལན་བཏབ་པ་དང་སྦྲགས་བཀོལ་སྤྱོད་བྱེད་སྟངས་ཀྱང་བསླབས་པ་རེད།

    རླམ་རྩྭ་སོ་ཕུལ་འདེབས་འཛུགས་རྟེན་གཞི་དང་ཐག་ཉེ་སར་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་འགྲོ་བཞིན་པའི་དེང་རབས་ཅན་གྱི་ཉ་གསོ་ར་བ་ཞིག་ཡོད་ཅིང་། ཁྱོན་མ་དངུལ་སྒོར་ཁྲི་600བཏང་བའི་རྣམ་གྲངས་དེས་མཚོ་སྣ་གྲོང་ཁྱེར་གྱི་རི་མཐོ་དང་གངས་ཆུའི་སྤུས་ལེགས་ཐོན་ཁུངས་ལ་བརྟེན་ནས་ཉ་རིགས་གཞི་ཁྱོན་ཆེན་པོས་གསོ་ཚགས་བྱེད་བཞིན་ཡོད། མིག་སྔར། ཉ་ཕྲུག་ཁག་དང་པོ་ས་ཆུ་འཕྲོད་པོ་བྱུང་ཡོད་པས། ཐོན་ལས་འཕེལ་རྒྱས་ཀྱི་མདུན་ལམ་ཡངས་པོ་ཡོད་པ་རེད།

    མིག་སྔར། ཁེ་ལས་ཐོན་སྐྱེད་ནས་བྲིན་འཚོང་དུ་སྒྱུར་བའི་འགག་རྩའི་དུས་སུ་སླེབས་པས། ཁྲལ་འབྲེལ་གནད་དོན་སྣ་ཚོགས་གཅིག་རྗེས་གཉིས་མཐུད་ངང་ཐོན་སྟབས་ཉ་གསོ་ར་བའི་འགན་འཁུར་བ་མཱ་ཡན་ཤུས་ལ་སེམས་ཁྲལ་ཆེན་པོ་བྱུང་ཡོད།

    མཱ་ཡན་ཤུས་ཀྱིས་བཏོན་པའི“བྲིན་ཚོང་ཡོང་འབབ་རག་མེད་པའི་རིང་གི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་གྱི་ཡོང་སྒོའི་ཁྲལ་འབབ་ཇི་ལྟར་བྱས་ནས་ཐག་གཅོད་བྱེད་དགོས་སམ”“གྲབས་འཛུགས་བྱེད་རིང་གི་གྲོན་དངུལ་ཇི་ལྟར་བྱས་ནས་ཁྲལ་གྱི་སྔོན་ལ་འཐེན་འཕྲི་བྱེད་དགོས་སམ” “རྗེས་ལ་དངོས་སུ་ལས་གཉེར་བྱས་རྗེས་ཀྱི་གནས་ཐང་འཕར་ཁྲལ་དང་ཁེ་ལས་ཀྱི་ཐོབ་ཁྲལ་རེ་ཞུའི་བརྒྱུད་རིམ་ཅི་འདྲ་ཡིན་ནམ”ཞེས་པ་སོགས་ཀྱི་ཞིབ་ཕྲའི་གནད་དོན་ལ་ཁྲལ་དོན་པས་བརྒྱུད་རིམ་ལྡན་པའི་སྒོ་ནས་གསེད་བཀྲོལ་དང་ལན་བརྒྱབ་པ་མ་ཟད། ད་དུང་ཁེ་ལས་ཀྱི་ནོར་དོན་པར་ལས་གཉེར་རྩིས་ཁྲ་ཚད་ལྡན་བཟོ་བ་དང་མ་རྩའི་རང་བཞིན་གྱི་གཏོང་སྤྲོད་དང་ཁེ་སྤོགས་རང་བཞིན་གྱི་གཏོང་སྤྲོད་དབྱེ་བ་གསལ་པོ་ཕྱེ་དགོས་པའི་དྲན་སྐུལ་བྱས་ནས། རྗེས་མཐུད་ཁྲལ་འཇལ་བའི་འོས་འགན་གནད་སྨིན་སྒྲུབ་པ་དང་ཁྲལ་འབབ་སྲིད་ཇུས་ལོངས་སྤྱོད་གང་ལེགས་ཐུབ་རྒྱུར་རྨང་གཞི་བརྟན་པོ་བཏིང་ཡོད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།