གོ་འཇོ་རྫོང་ཁྲལ་དོན་ཅུས་ཀྱིས་དྲོད་རླངས་མཁོ་འདོན་ཁེ་ལས་ལ་དུས་ཚིགས་རྗེས་ཀྱི་ཆེད་དོན་རོགས་སྐྱོར་བྱས་པ།
ཉིན་ཤས་གོང་། གསར་འགོད་པར་རྒྱལ་ཁབ་ཁྲལ་དོན་སྤྱི་ཁྱབ་ཅུས་གོ་འཇོ་རྫོང་ཁྲལ་དོན་ཅུས་ནས་ཤེས་རྟོགས་བྱུང་བར། ཅུས་དེས་བརྒྱུད་རིམ་ཧྲིལ་པོར་རོགས་རམ་བྱས་ཏེ་2025ལོ་དང་2026ལོ་འཁོར་གྱི་དྲོད་རླངས་མཁོ་འདོན་དུས་ཚིགས་སུ་གོ་འཇོ་རྫོང་གི་ནུས་རྒྱུ་གཙང་མའི་གཅིག་སྡུད་དྲོད་རླངས་མཁོ་འདོན་རྣམ་གྲངས་ལག་ལེན་བརྟན་པོ་བསྟར་ནས་རིན་གོང་ཁེ་བའི་དྲོད་རླངས་གཙང་མ་ཁྱིམ་ཚང་ཁྲི་སྟོང་མང་པོར་ཁྱབ་པར་བྱས་ཡོད།
ཤེས་རྟོགས་བྱུང་བར་གཞིགས་ན། ཁྱོན་མ་དངུལ་སྒོར་དུང་ཕྱུར་3.57བཏང་ཞིང་། དྲོད་རླངས་མཁོ་འདོན་བྱེད་ཁྱོན་སྨི་ངོས་གྲུ་ཁྲི་28.17ཟིན་པའི་གོ་འཇོ་རྫོང་གི་ནུས་རྒྱུ་གཙང་མའི་གཅིག་སྡུད་དྲོད་རླངས་མཁོ་འདོན་རྣམ་གྲངས་དེ་བོད་ལྗོངས་གོ་འཇོ་ཤར་ཕྱོགས་ཉི་ཤར་ནུས་རྒྱུ་གསར་པ་ཚད་ཡོད་ཀུང་སིས་གཉེར་འགན་ཁུར་ཡོད། དགུན་དུས་གཉེར་སྐྱོང་བྱེད་རིང་། ཁེ་ལས་ཀྱི་མ་དངུལ་བཟུང་ཚད་མཐོ་བ་དང་འཁོར་རྒྱུག་གི་གནོན་ཤུགས་ཆེ་བའི་དཀའ་ངལ་ལ་དམིགས་ནས། གོ་འཇོ་རྫོང་ཁྲལ་དོན་ཅུས་ཀྱིས་རང་འགུལ་ངང་ཁེ་ལས་སུ་ཡོང་ནས་ཁྲལ་གྲོན་སྐོར་ལ་ཆེད་དོན་ཟུར་ཁྲིད་བྱས་ཏེ། གནས་ཐང་འཕར་ཁྲལ་གྱི་ཚབ་འཕྲི་ཁྲལ་སློག་གི་སྲིད་ཇུས་དོན་འཁྱོལ་གནད་སྨིན་བྱས་པར། རིམ་རྩིས་བརྒྱབ་ན་ཁེ་ལས་ལ་ཁྲལ་དངུལ་སྒོར་ཁྲི་2797.52ཚབ་འཕྲི་གང་འགབ་ཅི་སྤྱོད་དང་། ཁྲལ་དངུལ་སྒོར་ཁྲི་39.74གཅོག་འཕྲི་བྱེད་ཐུབ་ནས་ཁེ་ལས་ཀྱི་མ་དངུལ་གནོན་ཤུགས་ཆུང་དུ་བཏང་ཡོད།
དྲོད་རླངས་མཁོ་འདོན་རྣམ་གྲངས་ལ་དཀའ་གནད་མང་པོ་ཡོད་པར་བརྟེན། ཁྲལ་དོན་ལས་དོན་པས་ཁེ་ལས་ཀྱི་གཉེར་སྐྱོང་གི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ་ས་གནས་ས་ཐོག་ཏུ་འབྲེལ་ཡོད་སྲིད་ཇུས་ཀྱི་གཏན་འཁེལ་ཚད་གཞི་དང་རེ་ཞུའི་བརྒྱུད་རིམ་ཁ་གསལ་བཟོས་པ་དང་། ཁེ་ལས་ལ་དཔང་འཛིན་དོ་དམ་ཚད་ལྡན་དུ་གཏོང་བ་དང་རྩིས་དོན་རྩིས་རྒྱག་འཐུས་སྒོ་ཚང་དུ་གཏོང་རྒྱུའི་མཛུབ་ཁྲིད་བྱས་པ་མ་ཟད། ཁྲལ་བསྡུའི་གྲངས་གཞི་ཆེན་པོར་བརྟེན་ནས་ཁེ་ལས་ལ་དཔྱ་ཁྲལ་དང་འབྲེལ་བའི་ཞིབ་བཤེར་བྱས་པའི་ཐོག དཔྱ་ཁྲལ་རྩ་ཆག་གཏོང་བའི་ཡོང་འབབ་ཞིབ་རྩིས་དང་འཛིན་ཤོག་དོ་དམ་སོགས་ཀྱི་ནང་དོན་ལ་དམིགས་ནས། རེ་རེ་བཞིན་གྲལ་བཤེར་བྱས་ཏེ་ཁེ་ལས་ལ་དཔྱ་ཁྲལ་དང་འབྲེལ་བའི་ཉེན་ཁ་ཁག་5དག་ཐེར་བྱེད་རོགས་ཀྱང་བྱས་ཡོད།
འབྲེལ་ཡོད་གསར་འགྱུར།