སློབ་དུས་གསར་པ་བསུ་བ།

འདི་ནི་ཟླ་8ཚེས་31ཉིན། ཝུའུ་ལུའུ་མུའུ་ཆི་གྲོང་ཁྱེར་བདེ་ཐང་ལམ་གྱི་སྤྱི་སྤྱོད་རླངས་འཁོར་འབབ་ཚུགས་ཤིག་ཏུ། ཝུའུ་ལུའུ་མུའུ་ཆི་གྲོང་ཁྱེར་སྤྱི་བདེ་ཅུས་སྤྱི་སྤྱོད་ས་འོག་ལྕགས་ལམ་བདེ་འཇགས་དོ་དམ་ཡན་ལག་ཅུས་བྱང་སྒོ་མངགས་གཏོང་ཁང་གི་མི་དམངས་ཉེན་རྟོག་པས(མདུན་གྲལ་གཡོན་གྱི་དང་པོ)ཝུའུ་ལུའུ་མུའུ་ཆི་གྲོང་ཁྱེར་སློབ་ཆུང་བཅུ་གསུམ་པ(ཧྭ་ཀོང་སློབ་ཁུལ)ཡི་སློབ་མར་སྤྱི་སྤྱོད་རླངས་འཁོར་སྡོད་སྐབས་ཀྱི་བདེ་འཇགས་ཤེས་བྱ་འགྲེལ་བཤད་རྒྱག་བཞིན་པ།

འདི་ནི་ཟླ་8ཚེས་31ཉིན། ཀོང་ཤིས་ནན་ཉིང་གྲོང་ཁྱེར་པིན་ཧུའུ་ལམ་སློབ་ཆུང་སློབ་གསོ་ཚོགས་པ་པིན་ཧུའུ་སློབ་ཁུལ་གྱི་སློབ་མས་སློབ་ཚན་ཉན་བཞིན་པ།
ཟླ་8ཚེས་31ཉིན། ས་ཁུལ་ཁག་གཅིག་གི་སློབ་གྲྭ་འབྲིང་ཆུང་གི་སློབ་དུས་གསར་པ་འགོ་ཚུགས་པ་རེད།
འབྲེལ་ཡོད་གསར་འགྱུར།