སྐྱིད་གྲོང་འགག་སྒོའི་འགྲོ་ལམ་འགག་སྒོ་དང་བར་ཐག་སྤྱི་ལེ་1.1གི་སར་མྱུར་བཟོ་བྱས་ཟིན་པ།
ཟླ་8ཚེས་31ཉིན། ཀྲུང་གོ་ཨན་ནེང་ཆེད་ལས་རོགས་སྐྱོབ་སྟོབས་ཤུགས་ཀྱིས་གཞིས་རྩེ་སྐྱིད་གྲོང་རྫོང་གི་G216རྒྱལ་ལམ་གཏོར་སྐྱོན་ཕོག་པའི་ལམ་དུམ་མྱུར་བཟོར་རྒྱུན་མཐུད་སྐུལ་འདེད་བཏང་སྟེ་ལམ་རྒྱུད་དུ་ས་བསྔོགས་ནས་རྒྱོང་ཆ་རྒྱོང་བ་དང་ཆུ་ཡོད་སར་རྡོ་བརྩིགས་ཏེ་སྐྱིད་གྲོང་འགག་སྒོའི་ཕྱོགས་སུ་རྒྱུན་ཆད་མེད་པར་སྣུར་སྲིང་བྱེད་བཞིན་ཡོད་པ་རེད།
ཟླ་8ཚེས་31ཉིན་བར། མྱུར་བཟོའི་ལས་དོན་འགག་སྒོ་ནས་སྤྱི་ལེ་1.1གི་སར་སླེབས་ཏེ་ལམ་རྒྱུད་ཡོངས་ནས་དཀའ་ལས་ཁག་ཤོས་ཀྱི་འགག་སྒྲོལ་ལམ་དུམ་དེ་མཐའ་མའི་དུས་མཚམས་སུ་སླེབས་ཡོད། ཉིན་དེར་ཀྲུང་གོ་ཨན་ནེང་གིས་ཁྱོན་བསྡོམས་མྱུར་བཟོའི་མི་སྣ་158དང་། སྔོག་འཕྲུལ་དང་བླུག་འཁོར་སོགས་སྒྲིག་ཆས་ཆ་ཚང་28བཏང་སྟེ་མགྱོགས་མྱུར་གནོད་འཚེ་ཕོག་པའི་ལྟེ་བའི་ཁུལ་དུ་བསྐྲུན་གང་ཐུབ་བྱས་པ་རེད།
གཞོགས་གཉིས་ཀྱི་རི་ནས་ཞོར་ཐོན་གནོད་འཚེ་ཐོན་པར་འགོག་ཟོན་བྱ་ཆེད། ཀྲུང་གོ་ཨན་ནེང་མྱུལ་དཔྱད་སྟོབས་ཤུགས་ཀྱིས་མདུན་ཕྱོགས་སུ་བསྐྱོད་དེ་སྐུལ་འོད་བརྙན་ལམ་གྱི་AIལྟ་ཞིབ་ཚད་ལེན་ཡོ་ཆས་སྤྱད་ནས་བྲག་ལྡེབས་ཀྱི་བཟོ་དབྱིབས་འགྱུར་ཡོད་མེད་ལ་དུས་དང་རྣམ་པ་ཀུན་ཏུ་ལྟ་ཞིབ་ཚད་ལེན་བྱས་ཏེ། རི་ཉིལ་བ་དང་རྡོ་ཟགས་པའི་གནས་ཚུལ་དུས་ཐོག་ཏུ་ཁོང་དུ་ཆུད་པར་བྱས་པ་དང་། རྒྱུན་གཏན་མིན་པའི་གནས་ཚུལ་ཤེས་རྟོགས་ཐུབ་ཚེ་འཕྲལ་དུ་ཉེན་བརྡ་གཏོང་བ་དང་ཉེན་གཡོལ་བྱེད་དུ་བཅུག་པ་དང་ཆབས་ཅིག སྲོག་ཉེན་ལས་གཡོལ་བའི་ལམ་བུ་བཏོད་དེ་མྱུར་བཟོའི་ལས་དོན་ལ་བདེ་འཇགས་ཀྱི་འགོག་སྲུང་འཛིང་རགས་བརྟན་པོ་ཞིག་བསྐྲུན་ཡོད།
འབྲེལ་ཡོད་གསར་འགྱུར།