དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • རང་ལྗོངས་ལ་ཞིང་ཆེན་དང་རང་སྐྱོང་ལྗོངས་ཁག་གི་སྤྱི་ཁྱབ་བཟོ་ཚོགས་ཀྱིས་སྐྱིད་གྲོང་རྫོང་གི་ཆུ་རུད་གནོད་འཚེར་བརྒྱབ་པའི་རྒུད་སྐྱོབ་ཞལ་འདེབས་དངུལ་སྒོར་ཁྲི་1670འབྱོར་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-09-02

    གསར་འགོད་པར་རང་སྐྱོང་ལྗོངས་སྤྱི་ཁྱབ་བཟོ་ཚོགས་ནས་ཤེས་རྟོགས་བྱུང་བར། ཟླ་8ཚེས་31ཉིན་གྱི་ཆུ་ཚོད་16བར། རང་ལྗོངས་ལ་ཞིང་ཆེན་དང་རང་སྐྱོང་ལྗོངས་ཁག་གི་སྤྱི་ཁྱབ་བཟོ་ཚོགས་ཀྱིས་སྐྱིད་གྲོང་རྫོང་གི་ཆུ་རུད་གནོད་འཚེར་བརྒྱབ་པའི་རྒུད་སྐྱོབ་ཞལ་འདེབས་དངུལ་སྒོར་ཁྲི་1670(ལྗོངས་ནང་ཁུལ་གྱི་བཟོ་ཚོགས་ཀྱིས་ཞལ་འདེབས་བརྒྱབ་པའི་དངུལ་ཚུད་མེད)འབྱོར་ཡོད།

    ཤེས་རྟོགས་བྱུང་བར་གཞིཌ་ན། གཞིས་རྩེ་གྲོང་ཁྱེར་སྐྱིད་གྲོང་རྫོང་ལ་ཆུ་རུད་ཀྱི་གནོད་འཚེ་ཕོག་རྗེས། ལྗོངས་ཡོངས་ཀྱི་རིམ་ཁག་བཟོ་ཚོགས་ཀྱིས་བཀའ་འབྱོར་འཕྲལ་སྒྲུབ་བྱས་ནས་འཕྲལ་མ་ཉིད་དུ་ས་ཁུལ(གྲོང་ཁྱེར)བདུན་གྱི་བཟོ་ཚོགས་ལ་སྤྱི་འདོམས་བྱས་ཏེ། གོང་འོག་མཉམ་འགུལ་གྱི་ལས་ཀའི་ལམ་སྲོལ་བཙུགས་པ་དང་། སྐྱིད་གྲོང་རྫོང་སྤྱི་ཁྱབ་བཟོ་ཚོགས་དང་འབྲེལ་མཐུད་བྱས་ནས་གནོད་འཚེ་ཕོག་པའི་ལས་བཟོའི་གཞི་གྲངས་དང་དངོས་ཟོག་གི་དགོས་མཁོ་ཕྱོགས་ཡོངས་ནས་མཐིལ་རྟོགས་བྱས་པ་མ་ཟད། ལས་བཟོ་དང་བླངས་པ་སྒྲིག་འཛུགས་བྱས་ནས་རོགས་སྐྱོབ་ལས་དོན་ནང་ཞུགས་པ་དང་རོགས་སྐྱོབ་དངོས་ཟོག་གྲབས་གསོག་ཀྱང་བྱས་པ་རེད། རང་སྐྱོང་ལྗོངས་སྤྱི་ཁྱབ་བཟོ་ཚོགས་ཀྱིས་འཕྲལ་མར་བརྩེ་སེམས་མཚོན་པའི་མ་དངུལ་སྒོར་ཁྲི་100བཏང་བ་མ་ཟད། ཀྲུང་གོ་ལས་བཟོ་འཕེལ་རྒྱས་ཐེབས་རྩ་ལྷན་ཚོགས་དང་མཉམ་དུ་བོད་ཀྱི་ལས་བཟོ་འཕེལ་རྒྱས་ཞབས་ཞུའི་ཐེབས་རྩའི་མ་དངུལ་སྤྱོད་འགོ་བཙུགས་ཏེ། ཆེད་དོན་མ་དངུལ་སྒོར་ཁྲི་100ཞལ་འདེབས་བརྒྱབ་པ་དག་སྐྱིད་གྲོང་རྫོང་གིས་ཆུ་རུད་ཀྱི་འཕྲལ་སྡོམ་ཉེན་སེལ་རོགས་སྐྱོབ་དང་གནོད་འཚེ་ཕོག་པའི་ལས་བཟོ་དང་མང་ཚོགས་ལ་རོགས་སྐྱོར་འཚམས་འདྲི་བྱེད་པར་སྤྱོད་རྒྱུ་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།