དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཞི་ཅིན་ཕིང་གིས་ཁེར་གྷི་སི་ཐན་གྱི་ཙུང་ཐུང་ཀྲ་ཕ་ལུའོ་ཧྥུའུ་དང་གྲོས་མོལ་གནང་བ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།    |     སྤེལ་དུས།  2026-09-02

    ས་གནས་དེ་གའི་དུས་ཚོད་ཟླ་8ཚེས་31ཉིན་གྱི་སྔ་དྲོར། ཁེར་གྷི་སི་ཐན་གྱི་ཙུང་ཐུང་ཀྲ་ཕ་ལུའོ་ཧྥུའུ་དང་ཀྲུང་གོའི་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པི་སི་ཁེག་གི་ཞི་མཐུན་ཕོ་བྲང་དུ་གྲོས་མོལ་གནང་བ་རེད། ཀྲ་ཕ་ལུའོ་ཧྥུའུ་ཡིས་ཞི་ཅིན་ཕིང་ལ་དགའ་བསུ་ཞུ་བའི་མཛད་སྒོ་འཚོགས་ཤིང་། འདི་ནི་རྒྱལ་ཁབ་གཉིས་པོའི་གཙོ་བདག་གིས་གཟབ་སྦྲེང་རུ་ཁག་ལ་གཟིགས་ཞིབ་གནང་བཞིན་པ།

    ས་གནས་དེ་གའི་དུས་ཚོད་ཟླ་8ཚེས་31ཉིན་གྱི་སྔ་དྲོར། ཁེར་གྷི་སི་ཐན་གྱི་ཙུང་ཐུང་ཀྲ་ཕ་ལུའོ་ཧྥུའུ་དང་ཀྲུང་གོའི་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་པི་སི་ཁེག་གི་ཞི་མཐུན་ཕོ་བྲང་དུ་གྲོས་མོལ་གནང་བ།

    ཤིན་ཧྭ་གསར་འགྱུར་ཁང་པི་སི་ཁེག་ནས་ཟླ་8ཚེས་31ཉིན་གློག་འཕྲིན་འབྱོར་གསལ། ས་གནས་དེ་གའི་དུས་ཚོད་ཟླ་8ཚེས་31ཉིན་གྱི་སྔ་དྲོར། ཁེར་གྷི་སི་ཐན་གྱི་ཙུང་ཐུང་ཀྲ་ཕ་ལུའོ་ཧྥུའུ་དང་ཀྲུང་གོའི་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་པི་སི་ཁེག་གི་ཞི་མཐུན་ཕོ་བྲང་དུ་གྲོས་མོལ་གནང་བ་རེད།

    པི་སི་ཁེག་ཏུ་སྟོན་ཉམས་རྒྱས་ཤིང་བསིལ་རླུང་དལ་བུར་ལྡང་། ཞི་ཅིན་ཕིང་དང་སྐུ་ཟླ་ཕེང་ལི་ཡོན་རྣམ་གཉིས་རླངས་འཁོར་ལ་བཞུཌ་ཏེ་ཞི་མཐུན་ཕོ་བྲང་དུ་ཕེབས་འབྱོར་ཟིན་སྐབས། ཀྲ་ཕ་ལུའོ་ཧྥུའུ་དང་སྐུ་ཟླ་ཀྲ་ཕ་ལུའོ་ཝ་ཡིས་སྤྲོ་སེམས་འཁོལ་པོས་ཕེབས་བསུ་ཞུས་པ་རེད།

    ཀྲ་ཕ་ལུའོ་ཧྥུའུ་ཡིས་ཞི་ཅིན་ཕིང་ལ་དགའ་བསུ་ཞུ་བའི་མཛད་སྒོ་འཚོགས་ཤིང་། ཞི་ཅིན་ཕིང་དང་ཀྲ་ཕ་ལུའོ་ཧྥུའུ་རྣམ་གཉིས་གཟིགས་སྟེགས་སུ་ཕེབས། དམག་མིའི་རོལ་ཆ་ཚོགས་པས་ཀྲུང་ཁེར་རྒྱལ་ཁབ་གཉིས་པོའི་རྒྱལ་གླུ་དཀྲོལ། རྒྱལ་ཁབ་གཉིས་པོའི་གཙོ་བདག་གིས་གཟབ་སྦྲེང་རུ་ཁག་ལ་གཟིགས་ཞིབ་གནང་ཞིང་། ཞི་ཅིན་ཕིང་གཟབ་སྦྲེང་རུ་ཁག་གི་དཀྱིལ་དུ་ཕེབས་སྐབས་ཁེར་གྷི་སི་ཐན་སྐད་ཀྱི་ཐོག་ནས་གཟབ་སྦྲེང་རུ་མིར་འཚམས་འདྲི་གནང་བ་དང་གཟབ་སྦྲེང་རུ་མིས“མདུན་སྐྱོད། མདུན་སྐྱོད”ཅེས་ལན་བཏབ། རྒྱལ་ཁབ་གཉིས་པོའི་གཙོ་བདག་གིས་ཁག་སོ་སོར་ཕ་རོལ་པོའི་ཕེབས་རོགས་མི་སྣ་དང་ཕྱག་བཏང་ནས་གུས་ལུགས་མཚོན་པར་གནང་ཡོད། ཞི་ཅིན་ཕིང་གིས་ཀྲ་ཕ་ལུའོ་ཧྥུའུ་དང་ལྷན་དུ་དམག་རིགས་རྣམ་འབྱེད་ཀྱི་རུ་སྟར་ལ་གཟིགས། རྒྱལ་ཁབ་གཉིས་པོའི་གཙོ་བདག་སྟངས་དཔྱལ་ཞི་མཐུན་ཕོ་བྲང་གི་ཚོམས་ཆེན་དུ་ཕེབས་ནས་རྒྱལ་ཁབ་གཉིས་པོའི་རྒྱལ་དར་མདུན་དུ་ལྷན་བཞུགས་དྲན་རྟེན་སྐུ་པར་བསྐྱོན་པ་རེད།

    དགའ་བསུ་ཞུ་བའི་མཛད་སྒོ་མཇུག་འགྲིལ་རྗེས། རྒྱལ་ཁབ་གཉིས་པོའི་གཙོ་བདག་གིས་གྲོས་མོལ་གནང་བ་རེད།

    ཞི་ཅིན་ཕིང་གིས་དང་ཐོག་ཀྲུང་གོ་སྲིད་གཞུང་དང་ཀྲུང་གོ་མི་དམངས་ཀྱི་ཚབ་ཞུས་ནས་ཁེར་གྷི་སི་ཐན་གྱི་རང་བཙན་ཉིན་མོར་དུས་ཆེན་གྱི་རྟེན་འབྲེལ་ཞུས་པ་རེད།

    ཞི་ཅིན་ཕིང་གིས་གསུངས་དོན། ཉེ་བའི་ལོ་ཤས་རིང་། ང་ཚོ་ཐུན་མོང་གི་སྣེ་ཁྲིད་འོག་ཀྲུང་ཁེར་རྒྱལ་ཁབ་གཉིས་པོའི་འབྲེལ་བ་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་བྱུང་ནས་ཁྱབ་ཁོངས་ཁག་གི་མཉམ་ལས་ཕྱོགས་ཡོངས་ནས་འཕེལ་རྒྱས་ཕྱིན་ཏེ། རྒྱལ་ཁབ་གཉིས་པོའི་འཕེལ་རྒྱས་ལ་རམ་འདེགས་ཏན་ཏིག་ཐུབ་པ་དང་རྒྱ་ཆེའི་དམངས་ཚོགས་ལ་ཕན་པ་ཐོབ་པ་མ་ཟད། ས་ཁུལ་གྱི་ཞི་བདེ་དང་། བརྟན་ལྷིང་། དར་རྒྱས་བཅས་ལའང་སྐུལ་འདེད་ཐེབས་ཡོད། ད་ལོ་ནི་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ་105འཁོར་བའི་ལོ་ཞིག་རེད་ལ། ཀྲུང་གོའི“ལོ་ལྔ་ཚན་བཅོ་ལྔ་པའི”འགོ་ཚུགས་ལོའང་རེད། ཀྲུང་གོ་ཕྱོགས་ཀྱིས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་བྱ་གཞག་རླབས་པོ་ཆེར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བཞིན་ཡོད། ཁེར་གྷི་སི་ཐན་ཕྱོགས་ཀྱིས་ཀྱང“2030ལོའི་གོང་གི་རྒྱལ་ཁབ་འཕེལ་རྒྱས་ཀྱི་རྩ་གནད”ནུས་ཤུགས་ཡོད་རྒུས་ལག་ལེན་བསྟར་བཞིན་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཁེར་གྷི་སི་ཐན་ཕྱོགས་དང་མཉམ་དུ་འཕེལ་རྒྱས་ཀྱི་འཐབ་ཇུས་སྦྲེལ་མཐུད་ལ་ཤུགས་སྣོན་བརྒྱབ་ནས་རྒྱལ་སྐྱོང་སྲིད་འཛིན་གྱི་ཉམས་མྱོང་སྤེལ་རེས་ཟབ་ཏུ་གཏོང་བ་དང་ཁ་ཡོད་ལག་ཡོད་ཀྱི་དངོས་སྒྲུབ་མཉམ་ལས་ཀྱི་གྲུབ་འབྲས་དེ་བས་མང་བ་བཏོད་དེ། ཀྲུང་ཁེར་རྒྱལ་ཁབ་གཉིས་པོའི་ལས་དབང་གཅིག་མཐུན་ཚོགས་པ་གཏིང་ཟབ་དང་ཏན་ཏིག་འཛུགས་པར་སྐུལ་འདེད་གཏོང་འདོད་ཡོད།

    ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། ཆུ་ཚད་མཐོ་བའི་ཆབ་སྲིད་ཐད་ཀྱི་ཕན་ཚུན་ཡིད་ཆེས་དང་ཕན་ཚུན་རྒྱབ་སྐྱོར་བརྟན་པོ་བྱ་རྒྱུ་ནི་ཀྲུང་ཁེར་རྒྱལ་ཁབ་གཉིས་པོའི་འབྲེལ་བ་བརྟན་བགྲོད་རྒྱང་འཁྱོལ་ཡོང་བའི་འགན་ལེན་གལ་ཆེན་ཞིག་རེད། ཀྲུང་གོ་ཕྱོགས་ནས་ཁེར་གྷི་སི་ཐན་གྱིས་རྒྱལ་ཁབ་ཀྱི་བདག་དབང་དང་། རང་བཙན། མངའ་ཁོངས་ཆ་ཚང་བཅས་ལ་སྲུང་སྐྱོང་བྱེད་པར་རྒྱབ་སྐྱོར་མཐའ་གཅིག་ཏུ་བྱེད་པ་དང་ཁེར་གྷི་སི་ཐན་ཕྱོགས་ཀྱིས་རང་ངོས་རྒྱལ་བབ་དང་འཚམ་པའི་འཕེལ་རྒྱས་འགྲོ་ལམ་ཐོག་སྐྱོད་པར་རྒྱབ་སྐྱོར་བྱེད་ཀྱི་ཡོད་ལ། ཁེར་གྷི་སི་ཐན་ཕྱོགས་དང་མཉམ་དུ་ཕན་ཚུན་གྱི་ལྟེ་བའི་ཁེ་ཕན་དང་འབྲེལ་བ་ཡོད་པའི་གནད་དོན་ཐད་མུ་མཐུད་ཕན་ཚུན་རྒྱབ་སྐྱོར་བརྟན་པོ་བྱེད་འདོད་ཀྱང་ཡོད། ཀྲུང་ཁེར་དབར་གྱི་ཡུན་རིང་ཁྱིམ་མཚེས་མཛའ་མཐུན་གྱི་མཉམ་ལས་ཆིངས་ཡིག་ལ་མིང་རྟགས་བཀོད་པ་དེས་རྒྱལ་ཁབ་གཉིས་པོ་མི་རབས་ནས་མི་རབས་བར་མཛའ་མཐུན་དང་ཕན་ཚུན་རྒྱབ་སྐྱོར་བརྟན་པོ་བྱེད་པར་བཅའ་ཁྲིམས་ཀྱི་རྨང་གཞི་གལ་ཆེན་མཁོ་འདོན་ཐུབ་རྒྱུ་རེད།

    ཞི་ཅིན་ཕིང་གིས་གསུངས་དོན། ཀྲུང་ཁེར་ཕྱོགས་གཉིས་པོས་རྒྱལ་ཁབ་གཉིས་པོའི་དངོས་སྒྲུབ་མཉམ་ལས་ཟབ་ཏུ་བཏང་ནས་རྒྱལ་ཁབ་གཉིས་པོའི་སྲིད་གཞུང་དབར་གྱི་དཔལ་འབྱོར་ཚོང་དོན་མཉམ་ལས་ཀྱི་འཆར་འགོད་དོན་འཁྱོལ་ཡག་པོ་བྱེད་པ་དང་། ཚོང་དོན་སྣ་ཁ་ཕུན་སུམ་ཚོགས་སུ་གཏོང་བ། གྲངས་འཛིན་ཚོང་དོན་དང་རྒྱལ་སྒྲོལ་དྲ་ཚོང་སོགས་ཀྱི་འཕར་གཞི་གསར་པ་རྒྱ་ཆེར་གཏོང་བ་བཅས་བྱེད་དགོས་པ་དང་། ས་ཁུལ་མི་དམངས་ཀྱིས་འཕེལ་རྒྱས་ཀྱི་རེ་བ་བཅོལ་སའི“འགྲིམ་འགྲུལ་གྱི་འཕར་རྩ་ཆེན་པོ”ཡིན་པའི་ཀྲུང་གོ་དང་། ཁེར་གྷི་སི་ཐན། ཨུ་ཟ་བྷེ་ཁི་སི་ཐན་བཅས་བར་གྱི་ལྕགས་ལམ་སྤུས་ཚད་མཐོན་པོས་ཡག་པོ་སྐྲུན་པ་དང་། འགག་སྒོ་དེང་རབས་ཅན་དུ་སྒྱུར་བཀོད་བྱེད་པ། ལམ་ལུགས་དང་། ཚད་གཞི། སྒྲིག་སྲོལ་སོགས“ནང་རྐྱེན་སྦྲེལ་མཐུད”ཟབ་ཏུ་གཏོང་དགོས་པ། བསྐྱར་སྐྱེ་ཐུབ་པའི་ནུས་རྒྱུ་དང་ཐོན་ཁུངས་འཁོར་རྒྱུག་བེད་སྤྱོད་སོགས་ཁྱབ་ཁོངས་སུ་མཚོན་རྟགས་རང་བཞིན་གྱི་རྣམ་གྲངས་དེ་བས་མང་བ་ལག་ལེན་བསྟར་ཏེ་ལྗང་མདོག་གཏེར་ཁའི་མཉམ་ལས་ཀྱི་ཡིག་ཆ་དོན་འཁྱོལ་ཡག་པོ་བྱས་ནས་ཐོན་ལས་འཁོར་སྦྲེལ་ཧྲིལ་པོའི་མཉམ་ལས་བྱེད་དགོས་པ། “རྒྱུད་གཅིག་ལམ་གཅིག”གི་མཉམ་འབྲེལ་ཚོད་ལྟ་ཁང་མཉམ་སྐྲུན་ཡག་པོ་བྱེད་པ་དང་མི་ཐབས་རིག་ནུས་སོགས་ཀྱི་མཉམ་ལས་ལ་ཤུགས་སྣོན་བརྒྱབ་སྟེ་ཚན་རྩལ་གསར་གཏོད་ལ་བརྟེན་ནས་རྒྱལ་ཁབ་གཉིས་པོའི་མཉམ་ལས་ལ་མཐུན་རྐྱེན་སྦྱོར་བ་དང་ཕན་འབྲས་ཆེ་རུ་གཏོང་དགོས་པ། རྒྱལ་ཁབ་གཉིས་པོའི་མི་སྣ་འགྲོ་འོང་ལ་སྔར་བས་སྐུལ་འདེད་བཏང་ནས་གཞོན་ནུ་དང་། སྨྱན་སྦྱོར། ཡུལ་སྐོར། ལུས་རྩལ། སྨན་བཅོས། ས་གནས་སོགས་ཀྱི་མཉམ་ལས་ལ་ཤུགས་སྣོན་བརྒྱབ་སྟེ་ཀྲུང་ཁེར་མཛའ་མཐུན་གྱི་སྤྱི་ཚོགས་དང་དམངས་འདོད་ཀྱི་རྨང་གཞི་རྒྱུན་མཐུད་བརྟན་དུ་གཏོང་དགོས།

    ཞི་ཅིན་ཕིང་གིས་གསུངས་དོན། ཀྲུང་ཁེར་ཕྱོགས་གཉིས་པོས་ཁྲིམས་སྒྱུར་བདེ་འཇགས་ཀྱི་མཉམ་ལས་བྱེད་རྒྱ་ཆེ་རུ་བཏང་ནས“ངན་ཤུགས་གསུམ”དང་། དུག་ཚོང་། རྒྱལ་སྒྲོལ་ཉེས་གསོག་བཅས་ལ་མཉམ་དུ་རྡུང་རྡེག་བཏང་སྟེ་ཐུན་མོང་ཐོག་ས་ཁུལ་གྱི་ཞི་བདེ་བརྟན་ལྷིང་ལ་སྲུང་སྐྱོང་བྱེད་དགོས། ཀྲུང་གོ་ཕྱོགས་ཀྱིས་རྒྱལ་སྤྱི་དང་ས་ཁུལ་གྱི་ལས་དོན་ཁྲོད་ཁེར་གྷི་སི་ཐན་ཕྱོགས་ཀྱིས་ནུས་པ་དེ་བས་ཆེ་བ་འདོན་རྒྱུར་རྒྱབ་སྐྱོར་བྱ་རྒྱུ་ཡིན་ལ། ཁེར་གྷི་སི་ཐན་ཕྱོགས་དང་མཉམ་དུ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྒྲོམ་གཞིའི་ནང་མཉམ་ལས་ལ་སྔར་བས་ཤུགས་སྣོན་རྒྱག་པ་དང་། གོ་ལ་ཧྲིལ་པོའི་གྲོས་འགོ་ཆེན་པོ་བཞི་ཐུན་མོང་ཐོག་ལག་ལེན་བསྟར་བ། བཙན་དབང་རིང་ལུགས་དང་བཙན་དབང་ཆབ་སྲིད་ལ་ངོ་རྒོལ་བྱེད་པ། ཕྱོགས་མང་རིང་ལུགས་ངོ་མ་མཐའ་འཁྱོངས་བྱེད་པ། རྒྱལ་སྤྱིའི་དྲང་གཞག་དྲང་བདེན་ལ་སྲུང་སྐྱོང་བཅས་བྱས་ཏེ། དེ་བས་གཞུང་དྲང་ལུགས་མཐུན་གྱི་གོ་ལ་ཧྲིལ་པོའི་བཅོས་སྐྱོང་མ་ལག་བསྐྲུན་རྒྱུར་སྐུལ་འདེད་གཏོང་འདོད་ཡོད། ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་སྲོལ་གཏོད་ཁོངས་ཞུགས་རྒྱལ་ཁབ་ཡིན་པའི་ཀྲུང་ཁེར་རྒྱལ་ཁབ་གཉིས་པོས་ཐེན་ཅིན་དབུ་ཚོགས་ཀྱི་གྲུབ་འབྲས་དོན་འཁྱོལ་ཡག་པོ་བྱེད་པར་སྐུལ་འདེད་གཏོང་བ་དང་རང་ས་ཁུལ་གྱི་ཐུན་མོང་འཕེལ་རྒྱས་ལ་སྐུལ་འདེད་བཏང་སྟེ་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་འཕེལ་རྒྱས་སྐས་རིམ་གསར་པ་ཞིག་ཏུ་སླེབས་པར་སྐུལ་འདེད་གཏོང་དགོས།

    ཀྲ་ཕ་ལུའོ་ཧྥུའུ་ཡིས་གསུངས་དོན། ཁེར་གྷི་སི་ཐན་ལ་རང་བཙན་ཐོབ་ནས་ལོ་ངོ་35འཁོར་བའི་ཉིན་མོར་ཀྲུའུ་ཞི་ཞི་ཅིན་ཕིང་འཚམས་འདྲིར་ཕེབས་པར་སྣེ་ལེན་ཞུ་རྒྱུ་བྱུང་བར་ཧ་ཅང་དགའ་པོ་བྱུང་། ད་ཐེངས་ཀྱི་འཚམས་འདྲི་ལས་ཁེར་ཀྲུང་དབར་གྱི་མཛའ་གྲོགས་ཟབ་མོ་དང་ཆུ་ཚད་མཐོ་བའི་ཆབ་སྲིད་ཐད་ཀྱི་ཕན་ཚུན་ཡིད་ཆེས་བྱེད་ཤུགས་སྔར་བས་མངོན་ཞིང་། དེ་ནི་རྒྱལ་ཁབ་གཉིས་པོའི་འབྲེལ་བའི་འཕེལ་རྒྱས་ལོ་རྒྱུས་ཐོག་གི་ལམ་ཚད་རྡོ་རིང་གལ་ཆེན་ཞིག་ཡིན། ཁེར་ཀྲུང་དབར་ཡུན་རིང་ཁྱིམ་མཚེས་མཛའ་མཐུན་གྱི་མཉམ་ལས་ཆིངས་ཡིག་ལ་མིང་རྟགས་བཀོད་པ་དེས་རྒྱལ་ཁབ་གཉིས་པོའི་འབྲེལ་བར་དེ་བས་ཡངས་པའི་མདུན་ལམ་གཏོད་ངེས་རེད། ཁེར་ཀྲུང་རྒྱལ་ཁབ་གཉིས་ནི་ས་འབྲེལ་ཡིན་པ་དང་གནའ་བོའི་དར་གོས་ལམ་བུས་རྒྱལ་ཁབ་གཉིས་པོ་དམ་པོར་སྦྲེལ་ཡོད། ཉེ་བའི་ལོ་ཤས་རིང་། ཁེར་ཀྲུང་རྒྱལ་ཁབ་གཉིས་པོའི་དུས་རབས་གསར་པའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བ་འཕེལ་རྒྱས་མགྱོགས་མྱུར་ཕྱིན་པ་དང་བསྟུན་ནས་རྒྱལ་ཁབ་གཉིས་པོའི་འབྲེལ་བ་རྫོགས་ལྡན་དུས་སུ་སླེབས་ཏེ་ལོ་རྒྱུས་ཀྱི་ཆུ་ཚད་མཐོ་ཤོས་སུ་གནས་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཁེར་གྷི་སི་ཐན་གྱི་འཕེལ་རྒྱས་ཀྱི་འགག་རྩའི་དུས་སྐབས་ཚང་མར་སྒེར་སེམས་མེད་པའི་རྒྱབ་སྐྱོར་དང་རོགས་རམ་གནང་བར་ཁེར་གྷི་སི་ཐན་ཕྱོགས་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཁེར་གྷི་སི་ཐན་ཕྱོགས་ཀྱིས་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ་105འཁོར་བ་དང“ལོ་ལྔ་ཚན་བཅོ་ལྔ་པའི”འཆར་འགོད་དོན་འཁྱོལ་བྱེད་འགོ་ཚུགས་པར་སྤྲོ་སེམས་འཁོལ་པོས་རྟེན་འབྲེལ་ཞུ་རྒྱུ་དང་། ཀྲུའུ་ཞི་ཞི་ཅིན་ཕིང་གི་འགོ་ཁྲིད་འོག་ཀྲུང་གོར་ཐོབ་པའི་འོད་སྟོང་འབར་བའི་འཕེལ་རྒྱས་ཀྱི་གྲུབ་འབྲས་ལ་ཡི་རངས་ཞུ་གི་ཡོད་ལ། ཀྲུང་གོའི་རྒྱལ་སྐྱོང་སྲིད་འཛིན་གྱི་ཉམས་མྱོང་དང་ལྷག་པར་དུ་ཀྲུའུ་ཞི་ཞི་ཅིན་ཕིང་གི“བདག་འཛིན་རིང་དུ་སྤངས། དམངས་དོན་པང་དུ་ལེན”པའི་བརྩེ་སེམས་ཟབ་མོར་སློབ་སྦྱོང་བྱེད་འདོད་ཀྱང་ཡོད། ཀྲུང་གོ་ནི་ཐོག་མཐའ་བར་གསུམ་དུ་ཁེར་གྷི་སི་ཐན་གྱི་ཕྱི་འབྲེལ་སྲིད་ཇུས་ཀྱི་སྔོན་ཚུད་ཁ་ཕྱོགས་ཤིག་ཡིན་ལ། ཁེར་གྷི་སི་ཐན་ཕྱོགས་ཀྱི་མཛའ་མཐུན་ཟབ་ཤོས་ཀྱི་གྲོགས་པོ་དང་བློས་འཁེལ་ཤོས་ཀྱི་རོགས་ཟླ་ཞིག་ཀྱང་ཡིན། ཁེར་གྷི་སི་ཐན་ཕྱོགས་ཀྱིས་བློ་བརྟན་འགྱུར་མེད་ངང་ཀྲུང་གོ་གཅིག་གི་རྩ་དོན་ལ་བརྩི་སྲུང་ནན་པོ་ཞུས་ནས་ཕན་ཚུན་བརྩི་འཇོག་དང་འདྲ་མཉམ་གཉིས་ཕན་གྱི་རྨང་གཞིའི་ཐོག་ཀྲུང་གོ་དང་ཁྱིམ་མཚེས་རྒྱལ་ཁབ་དབར་གྱི་མཛའ་མཐུན་འབྲེལ་བ་འཕེལ་རྒྱས་གཏིང་ཟབ་གཏོང་འདོད་ཡོད། ཁེར་གྷི་སི་ཐན་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཉམ་དུ་ཚོང་དོན་མ་འཇོག་དང་། ཕན་ཚུན་སྦྲེལ་མཐུད། ཚན་རྩལ་གསར་གཏོད། ནུས་རྒྱུ། གཏེར་ཁ། ལྗང་མདོག་དཔལ་འབྱོར་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ཟབ་ཏུ་གཏོང་བ་དང་། སློབ་གསོ་དང་། འཕྲོད་བསྟེན། རིག་གནས། གཞོན་ནུ་སོགས་ཁྱབ་ཁོངས་ཀྱི་སྤེལ་རེས་ཟབ་ཏུ་བཏང་ནས“ངན་ཤུགས་གསུམ”ལ་མཉམ་དུ་རྡུང་རྡེག་བཏང་སྟེ་ས་ཁུལ་གྱི་བདེ་འཇགས་ལ་སྲུང་སྐྱོང་བྱེད་འདོད་ཡོད། ཁེར་གྷི་སི་ཐན་ཕྱོགས་ཀྱིས་ཀྲུང་གོ་དང་། ཁེར་གྷི་སི་ཐན། ཨུ་ཟ་བྷེ་ཁི་སི་ཐན་བཅས་བར་གྱི་ལྕགས་ལམ་འཛུགས་སྐྲུན་ལ་སྐུལ་འདེད་ཧུར་ཐག་བཏང་ནས་དེ་ཉིད་དུས་རབས་གསར་པའི“ངར་ལྕགས་ཀྱི་དར་གོས་ལམ་བུ”དང་ཁེར་ཀྲུང་མཛའ་མཐུན་འབྲེལ་བའི་འབྲེལ་ཐག་གསར་པར་སྒྱུར་འདོད་ཡོད། ཀྲུའུ་ཞི་ཞི་ཅིན་ཕིང་གིས་བཏོན་གནང་བའི་གོ་ལ་ཧྲིལ་པོའི་གྲོས་འགོ་ཆེན་པོ་བཞིས་རྒྱལ་ཁབ་ཁག་གིས་ཐུན་མོང་གི་འགྲན་སློང་ལ་མཉམ་དུ་ཁ་གཏད་གཅོག་པ་དང་དེ་བས་གཞུང་དྲང་དང་བརྟན་ལྷིང་གི་རྒྱལ་སྤྱིའི་སྒྲིག་ལམ་གཏོད་རྒྱུར་ཕན་པ་ཡོད། ཁེར་གྷི་སི་ཐན་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཉམ་དུ་མཉམ་འབྲེལ་རྒྱལ་ཚོགས་དང་། ཧྲང་ཧའེ་མཉམ་ལས་རྩ་འཛུགས། ཀྲུང་གོ་དང་ཨེ་ཤེ་ཡ་དབུས་མའི་ལམ་སྲོལ། འཛམ་གླིང་གི་མི་ཐབས་རིག་ནུས་མཉམ་ལས་རྩ་འཛུགས་སོགས་ཕྱོགས་མང་ལས་སྟེགས་སུ་མཐུན་སྦྱོར་དམ་ཟབ་བྱས་ཏེ་འཛམ་གླིང་གི་ཞི་བདེ་བརྟན་ལྷིང་ལ་ཐུན་མོང་ཐོག་སྲུང་སྐྱོང་བྱེད་འདོད་ཡོད།

    ཀྲ་ཕ་ལུའོ་ཧྥུའུ་ཡིས་ཁེར་གྷི་སི་ཐན་སྲིད་གཞུང་དང་མི་དམངས་ཀྱི་ཚབ་ཞུས་ནས་ཀྲུང་གོའི་བོད་ལྗོངས་སྐྱིད་གྲོང་དུ་ཆུ་རུད་ཀྱི་གནོད་འཚེ་ཕོག་པར་བརྩེ་བ་ཟབ་མོས་འཚམས་འདྲི་ཞུས་པ་རེད། དེའི་ཐད་ཞི་ཅིན་ཕིང་གིས་ཐུགས་རྗེ་ཆེ་ཞུས་ཤིང་། ཁོང་གིས། ཀྲུང་གོའི་ཏང་དང་སྲིད་གཞུང་གིས་འབྲེལ་བ་ཆད་པའི་རྒྱལ་ཁབ་ཕྱི་ནང་གི་མི་སྣ་འཚོལ་སྐྱོབ་དང་། གནོད་འཚེ་ཕོག་པའི་མང་ཚོགས་གནས་སྤོ་བཀོད་སྒྲིག རྨས་མ་སྐྱོབ་བཅོས། ཞོར་ཐོན་གནོད་འཚེ་འགོག་ཟོན་སོགས་ཀྱི་ལས་དོན་ནུས་ཤུགས་ཡོད་རྒུས་ཡག་པོ་སྒྲུབ་བཞིན་ཡོད་ལ། ནེ་པ་ལར་འཕྲལ་མར་རོགས་སྐྱོར་ཡང་བྱེད་ཀྱི་ཡོད། ཀྲུང་གོ་ཕྱོགས་ལ་གནོད་འཚེ་ལས་རྣམ་པར་རྒྱལ་བ་དང་ཁྱིམ་གཞིས་བསྐྱར་སྐྲུན་ཐུབ་པའི་ནུས་པ་དང་གདེང་ཚོད་ཡོད་ཅེས་གསུངས་པ་རེད།

    གྲོས་མོལ་གནང་རྗེས། རྒྱལ་ཁབ་གཉིས་པོའི་གཙོ་བདག་གིས《དུས་རབས་གསར་པའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བ་སྤུས་ཚད་མཐོན་པོས་འཕེལ་རྒྱས་གཏོང་རྒྱུའི་སྐོར་གྱི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དང་ཁེར་གྷི་སི་ཐན་སྤྱི་མཐུན་རྒྱལ་ཁབ་ཀྱི་མཉམ་འབྲེལ་བསྒྲགས་གཏམ》དང《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དང་ཁེར་གྷི་སི་ཐན་སྤྱི་མཐུན་རྒྱལ་ཁབ་ཀྱི་ཡུན་རིང་ཁྱིམ་མཚེས་མཛའ་མཐུན་གྱི་མཉམ་ལས་ཆིངས་ཡིག》ལ་ལྷན་དུ་མཚན་རྟགས་བཀོད་པ་མ་ཟད། ཕྱོགས་གཉིས་པོས་མ་འཇོག་དང་། འགྲིམ་འགྲུལ། འགག་སྒོ མཛའ་གྲོགས་གྲོང་ཁྱེར་སོགས་ཁྱབ་ཁོངས་ཀྱི་ཕྱོགས་གཉིས་པོའི་མཉམ་ལས་ཡིག་ཆ་བརྗེ་རེས་བྱེད་པར་དཔང་པོའང་གནང་བ་རེད། འཚམས་འདྲི་གནང་རིང་ཕྱོགས་གཉིས་པོས་ད་དུང་ཚན་རྩལ་དང་། སློབ་གསོ། མི་ཆོས་རིག་གནས། སྨྱན་སྦྱོར་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ཡིག་ཆ་20ལྷག་ཙམ་ལ་མཚན་རྟགས་བཀོད་གནང་བ་རེད།

    དེ་ཉིན་ཉིན་གུང་། ཀྲ་ཕ་ལུའོ་ཧྥུའུ་དང་ཀྲ་ཕ་ལུའོ་ཝ་ཡིས་ཞི་མཐུན་ཕོ་བྲང་དུ་ཞི་ཅིན་ཕིང་དང་ཕེང་ལི་ཡོན་རྣམ་གཉིས་ལ་དགའ་བསུ་ཞུ་བའི་གསོལ་སྟོན་བཤམས་པ་རེད།

    ཚའེ་ཆི་དང་ཝང་དབྱི་སོགས་གོང་གསལ་གྱི་བྱེད་སྒོར་ཞུགས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།