འཁྱིལ་མཚོ་རྦད་དེ་འཛག་ནས་ཉེན་ཁ་མེད་པར་གྱུར་འདུག
ཚེས་1ཉིན། གསར་འགོད་པར་བོད་རང་སྐྱོང་ལྗོངས་སྐྱིད་གྲོང་རྫོང་གི“8·26”ཆུ་རུད་ཀྱི་གནོད་འཚེའི་འཕྲལ་སྡོམ་རོགས་སྐྱོབ་བཀོད་འདོམས་པུའུ་ནས་ཤེས་རྟོགས་བྱུང་བར། རིགས་གཅིག་མཁས་ཅན་ཚོགས་ཆུང་གིས་དབྱེ་ཞིབ་དང་ཞིབ་དཔྱད་བྱས་པར་གཞིགས་ན། སྐྱིད་གྲོང་གི་ཆུ་རུད་ལས་ཆགས་པའི་ཕུ་དབྲག་ཕུ་བྱང་གཙང་པོའི་འཁྱིལ་མཚོ་མིག་སྔར་འཛག་ནས་ཉེན་ཁ་མེད་པར་གྱུར་ཡོད།
དེ་གོང་གི་རེག་བརྡའི་འཚོལ་ཞིབ་ཚད་ལེན་ལས་མངོན་པར། ཕུ་དབྲག་ཕུ་བྱང་གཙང་པོའི་འཁྱིལ་མཚོའི་རྒྱ་ཁྱོན་ལ་སྤྱི་ལེ་ངོས་གྲུ་0.1ཙམ་དང་། ཤོང་ཚད་ལ་སྨི་ངོས་གྲུ་ཁྲི་220 མཐོ་ཚད་ལ་ཆ་སྙོམས་སྨི་60 རིང་ཚད་ལ་སྨི་1100ཙམ་ཡོད།
ཤེས་རྟོགས་བྱུང་བར་གཞིགས་ན། ཉེན་སེལ་རྒུད་སྐྱོབ་ཀྱི་ལས་དོན་མི་སྣས་ལྟ་ཞིབ་ཚད་ལེན་དང་། བརྙན་ལམ་ནས་ལྟ་སྐུལ་ཚོད་འཛིན། རེག་བརྡས་ཉེན་བརྡ་སྔོན་གཏོང་བཅས་བྱེད་ཤུགས་ཆེ་རུ་བཏང་བ་དང་། ཕུ་དབྲག་ཕུ་བྱང་གཙང་པོའི་འཁྱིལ་མཚོ་ནས་ཆུ་འཛག་པ་དང་མཚོ་སྐྱོར་ཞིག་པ་སོགས་ཀྱི་གནས་ཚུལ་ལ་འགུལ་རྣམ་ནས་ལྟ་ཞིབ་ཚད་ལེན་སྒོས་རིགས་གཅིག་མཁས་ཅན་གྱིས་ཞིབ་འཇུག་དང་། བརྡར་གཅོད། ཚོད་སྐོར་བཅས་བྱས་པ་བརྒྱུད། ཁྱིལ་མཚོ་ཡོངས་སུ་འཛག་ནས་ཉེན་ཁ་མེད་པའི་གཏན་འཁེལ་བྱས་པ་རེད།
འབྲེལ་ཡོད་གསར་འགྱུར།