དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • ཀྲུང་གོ་མི་དམངས་རྒྱུ་ནོར་འགན་བཅོལ་ཀུང་སིས་སྐྱིད་གྲོང་རྫོང་གི་ཆུ་རུད་འཐབ་ས་དང་པོའི་རྒུད་སྐྱོབ་མི་སྣར་ཆེད་གཏོགས་བསམ་འདས་འགན་བཅོལ་ཞལ་འདེབས་བརྒྱབ་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2026-09-01

    གསར་འགོད་པར་ཀྲུང་གོ་མི་དམངས་རྒྱུ་ནོར་འགན་བཅོལ་ཀུང་སི་བོད་ལྗོངས་ཡན་ལག་ཀུང་སི་ནས་ཤེས་རྟོགས་བྱུང་བར། སྐྱིད་གྲོང་རྫོང་གི་ཆུ་རུད་གནོད་འཚེའི་རོགས་སྐྱོབ་མི་སྣའི་མི་ལུས་བདེ་འཇགས་ལ་འགན་སྲུང་ཏན་ཏིག་བྱ་ཆེད། ཀྲུང་གོ་མི་དམངས་རྒྱུ་ནོར་འགན་བཅོལ་ཀུང་སིས་ད་ཐེངས་སྐྱིད་གྲོང་འགག་སྒོའི་ཆུ་རུད་གནོད་འཚེ་ཐག་གཅོད་ནང་ཞུགས་མཁན་གྱི་རྒུད་སྐྱོབ་མི་སྣ་ཡོངས་ལ་ཆེད་གཏོགས་མི་ལུས་བསམ་འདས་འགན་བཅོལ་ཞལ་འདེབས་བརྒྱབ་ནས། འགན་བཅོལ་གྱི་སྟོབས་ཤུགས་ལ་བརྟེན་ཏེ་ཉེན་སེལ་རོགས་སྐྱོབ་ཀྱི་བདེ་འཇགས་རྒྱབ་རྟེན་བརྟན་དུ་བཏང་བ་རེད།

    གནོད་འཚེ་ཐོན་རྗེས། ཀྲུང་གོ་མི་དམངས་རྒྱུ་ནོར་འགན་བཅོལ་ཀུང་སི་བོད་ལྗོངས་ཡན་ལག་ཀུང་སིས་འཕྲལ་མ་ཉིད་དུ་གནོད་འཚེ་ཆེན་པོ་རིམ་པ་དང་པོའི་འཕྲལ་སྡོམ་དང་ལེན་བྱེད་འགོ་ཚུགས་ཤིང་། གཞིས་རྩེ་ཡན་ལག་ཀུང་སི་དང་སྐྱིད་གྲོང་རྫོང་ཚོང་སྒྱུར་ཞབས་ཞུ་པུའུ་ཡིས་འཕྲལ་དུ་གྲོང་ཁྱེར་དང་རྫོང་རིམ་པ་གཉིས་ཀྱི་མཉམ་འགུལ་ལམ་སྲོལ་དོན་འཁྱོལ་བྱས་ཏེ། ས་གནས་སྲིད་གཞུང་དང་འཕྲལ་སྡོམ་དོ་དམ་སྡེ་ཚན་དང་རང་འགུལ་ངང་འབྲེལ་མཐུད་བྱས་ནས། འགན་བཅོལ་འགན་སྲུང་ཞབས་ཞུ་རྒུད་སྐྱོབ་བྱ་ཡུལ་དུ་ཁྱབ་པར་བྱས་ཡོད། ས་མཐོའི་ཉེན་སེལ་ཁོར་ཡུག་རྙོག་འཛིང་ཆེ་བ་དང་རོགས་སྐྱོབ་མི་སྣའི་བདེ་འཇགས་ཉེན་ཁ་མངོན་གསལ་དོད་པའི་དོན་དངོས་གནས་ཚུལ་ལ་གཞིགས་ཏེ། ཀུང་སི་དེས་འཕྲལ་མར“རྒུད་སྐྱོབ་མི་སྣར་གཅེས་སྐྱོང་ཆེད་དམིགས་རྣམ་གྲངས”བཏོད་དེ། རྒྱུན་གཏན་གྱི་ལས་སྒྲུབ་བརྒྱུད་རིམ་དོར་ནས་རྒུད་སྐྱོབ་ནང་ཞུགས་མཁན་གྱི་འཐབ་ས་དང་པོའི་མི་སྣར་ཕྱོགས་གང་ས་ཅི་ཐད་ཀྱི་ཉེན་ཁ་འགོག་ཟོན་བྱ་ཐབས་མཁོ་འདོན་བྱས་ཡོད་པ་རེད། 

    འགན་འཁུར་རྩོམ་སྒྲིག་པ། པ་སངས་དབང་མོ།

འབྲེལ་ཡོད་གསར་འགྱུར།