དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • མི་དམངས་བུ་ཕྲུག་དམག་གིས་བོད་ལྗོངས་སྐྱིད་གྲོང་གི་ཉེན་སེལ་རོགས་སྐྱོབ་ཀྱི་འཐབ་ས་དང་པོ་བརྟན་སྲུང་རྒྱུན་མཐུད་བྱེད་བཞིན་པ།

  • ཡོང་ཁུངས།  ​ཤིན་ཧྭ་གསར་འགྱུར་ཁང་།    |     སྤེལ་དུས།  2026-09-01

    ཟླ་8ཚེས་30ཉིན། བོད་ལྗོངས་གཞིས་རྩེ་གྲོང་ཁྱེར་སྐྱིད་གྲོང་རྫོང་གི་ཆུ་རུད་གནོད་འཚེའི་ཉེན་སེལ་རོགས་སྐྱོབ་ཉིན་5པར་སླེབས་ཤིང་། མི་དམངས་བུ་ཕྲུག་དམག་གིས་ཉེན་སེལ་རོགས་སྐྱོབ་ཀྱི་འཐབ་ས་དང་པོ་བརྟན་སྲུང་བྱས་ནས་གནོད་འཚེ་ཕོག་པའི་ལྟེ་བའི་ས་ཁོངས་སུ་མི་སྣ་འཚོལ་སྐྱོབ་ལས་དོན་ནུས་ཤུགས་ཡོད་རྒུས་རྒྱུན་མཐུད་སྤེལ་བཞིན་ཡོད།

    དྲག་ཆས་ཉེན་རྟོག་སྐབས་བསྟུན་སྤྱི་ཁྱབ་རུ་ཁག་གཉིས་པའི་ཉིང་ལག་རུ་ཁག་ཅིག་གི་ཆེད་ལས་རོགས་སྐྱོབ་སྟོབས་ཤུགས་ཚེས་30ཉིན་གྱི་ཆུ་ཚོད་6པ་ཙམ་ལ་གནོད་འཚེ་ཐོན་ཡུལ་དུ་འབྱོར་བ་དང་། རོགས་སྐྱོབ་དཔོན་དམག་ཚོས“བང་རིམ་དབྱེ་ནས་སྔོག་པ་དང་དུས་མཚམས་དབྱེ་ནས་ལས་ཀ་བྱེད་པའི”བྱ་ཐབས་གཞིར་བཟུང་ལས་དོན་བསྒྲུབས་པ་རེད། ཚེས་30ཉིན་གྱི་ཆུ་ཚོད་14པ་བར། ཉིང་ལག་རུ་ཁག་གིས་རིམ་རྩིས་བརྒྱབ་ན་འགྲོ་ལམ་སྨི་200ལྷག་ཙམ་རྒྱ་ཆེར་བཏང་ནས་ཆུ་རུད་ཀྱི་འདམ་རྡོ་སྨི་རྒྱ་དཔངས་གྲུ་བཞི་3000ལྷག་ཙམ་གཙང་སེལ་བྱས་པ་རེད།

    ཚེས་30ཉིན་གྱི་སྔ་དྲོར། ཉེན་སེལ་རོགས་སྐྱོབ་ལས་འགན་གྱི་དགོས་མཁོ་གཞིར་བཟུང་། བོད་དམག་ཁུལ་ཁང་སྤྱི་ཁྱབ་སྨན་ཁང་དང་དམག་ཁུལ་ཁང་འགན་སྲུང་པུའི་རུ་ཆེན་ཞིག་གི་ནད་ཡམས་སྔོན་འགོག་དང་ཚོད་འཛིན་ལྟེ་གནས་ནས་སྐོང་འཐེན་བྱས་པའི་སྨན་བཅོས་རིམས་འགོག་ཡན་ལག་རུ་ཁག་གེགས་ཁུལ་དུ་བསྐྱོད་དེ་འཐབ་ས་དང་པོའི་རོགས་སྐྱོབ་དཔོན་དམག་དང་། གནོད་འཚེ་ཕོག་པའི་མང་ཚོགས། ས་གནས་ཀྱི་རོགས་སྐྱོབ་ལས་དོན་པ་སོགས་ལ་འཕྲོད་བསྟེན་གྱི་འགན་སྲུང་བྱས་པ་རེད།

    མིག་སྔར་མི་སྣ་འཚོལ་སྐྱོབ་དང་གཙོ་གནད་ཉེན་ཁར་གྲལ་བཤེར་སོགས་ཀྱི་རོགས་སྐྱོབ་བྱ་སྤྱོད་སྔར་བཞིན་གོ་རིམ་ལྡན་པའི་ངང་གང་མགྱོགས་སྤེལ་བཞིན་ཡོད་པ་རེད།


    འགན་འཁུར་རྩོམ་སྒྲིག་པ། པ་སངས་དབང་མོ།

འབྲེལ་ཡོད་གསར་འགྱུར།