དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • སྐྱིད་གྲོང་གི་ཆུ་རུད་ནང་རྐྱེན་ལམ་དུ་ཤོར་བའི་མི་སྣར་མྱ་ངན་ཞུས་པ།

  • ཡོང་ཁུངས།  བོད་ལྗོངས་ཉིན་རེའི་ཚགས་པར་བོད་ཡིག་སྨྱན་སྦྱོར།   |     སྤེལ་དུས།  2026-09-01

    ཟླ་9ཚེས་1ཉིན་གྱི་སྔ་དྲོའི་ཆུ་ཚོད་10པ་ཙམ་ལ། སྐྱིད་གྲོང་གི“8·26”ཆུ་རུད་ནང་རྐྱེན་ལམ་དུ་ཤོར་བའི་མི་སྣར་མྱ་ངན་ཞུ་བའི་བྱེད་སྒོ་གཞིས་རྩེ་གྲོང་ཁྱེར་སྤྱི་བདེ་ཅུས་སྐྱིད་གྲོང་འགག་སྒོ་ཡན་ལག་ཅུས་ཀྱི་སྒོ་རའི་ནང་སྤེལ་བ་དང་། རོགས་སྐྱོབ་དང་མྱུར་བཟོའི་ལས་དོན་སྤེལ་ཡུལ་དུ་མྱ་ངན་ཞུ་བའི་བྱེད་སྒོ་དུས་གཅིག་ཏུ་སྤེལ་ནས། སྐྱིད་གྲོང་རྫོང་གི་འདམ་རྡོའི་ཆུ་རུད་ཀྱི་གནོད་འཚེའི་ནང་རྐྱེན་ལམ་དུ་ཤོར་བའི་མི་སྣར་གདུང་སེམས་ཆེན་པོས་མྱ་ངན་ཟབ་མོ་ཞུས་པ་རེད། 

    སྐྱིད་གྲོང་གྲོང་རྡལ་དུ་གྲོང་ཁྱེར་དང་རྫོང་ཐད་གཏོགས་སྡེ་ཚན་དང་། མི་དམངས་ཚོགས་པ། ཁེ་ལས་དང་བྱ་གཞག་ཚན་པ་བཅས་ཀྱི་ལས་བྱེད་ལས་བཟོའི་འཐུས་མི་དང་། རོགས་སྐྱོབ་ལ་ཞུགས་མཁན་བཅིངས་འགྲོལ་དམག་གི་དཔོན་དམག་དང་། དྲག་ཆས་ཉེན་རྟོག་དཔོན་དམག མེ་ཟོན་རོགས་སྐྱོབ་བཀོད་འཐབ་པ། སྤྱི་བདེ་མི་དམངས་ཉེན་རྟོག་པ།  སྨན་དོན་མི་སྣ་སོགས་ཀྱི་འཐུས་མི་མྱ་ངན་ཞུ་བའི་བྱེད་སྒོར་ཞུགས་པ་རེད།


    ཟླ་8ཚེས་26ཉིན་གྱི་སྔ་དྲོར། ནེ་པ་ལའི་ཕྱོགས་སུ་འདམ་རྡོའི་ཆུ་རུད་ཀྱི་གནོད་འཚེ་ཐོན་ནས་གཞིས་རྩེ་གྲོང་ཁྱེར་སྐྱིད་གྲོང་རྫོང་སྐྱིད་གྲོང་འགག་སྒོར་མི་སྣ་ཤི་རྨས་དང་འབྲེལ་བ་ཆད་པའི་གནས་ཚུལ་ཚབས་ཆེན་ཐོན་ཡོད། ཚེས་29ཉིན་གྱི་ཆུ་ཚོད་18བར་མི་16རྐྱེན་ལམ་དུ་ཤོར་བ་དང་མི་546དང་འབྲེལ་བ་ཆད་ཡོད་པ་རེད།


    མྱ་ངན་ཞུ་བའི་བྱེད་སྒོར་མི་ཚང་མས་ཞྭ་མོ་ཕུད་དེ་རྐྱེན་ལམ་དུ་ཤོར་བའི་མི་སྣར་ངག་བསྡམས་ནས་གདུང་སེམས་ཆེན་པོས་མྱ་ངན་ཟབ་མོ་ཞུས་པ་རེད། 

    མིག་སྔ་ནི་སྔར་བཞིན་ཉེན་སེལ་གེགས་སེལ་གྱི་འགག་རྩའི་དུས་མཚམས་ཡིན་པས། མྱ་ངན་ཞུ་བའི་བྱེད་སྒོ་མཇུག་འགྲིལ་རྗེས་མེ་ཟོན་རོགས་སྐྱོབ་མི་སྣ་དང་འགྲོ་ལམ་མྱུར་བཟོ་མི་སྣས་མུ་མཐུད་རོགས་སྐྱོབ་དང་མྱུར་བཟོའི་ལས་དོན་ལ་ཞུགས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།