དབུ་ཤོག>གསར་འགྱུར།>གསར་འགྱུར་པར་མཛོད།
  • གནོད་འཚེ་ཕོག་པའི་གྲོང་ཚོ(གྲོང་ལྷན)5ཡི་བཀོད་སྒྲིག་བྱ་ཡུལ་གྱི་སློབ་ལོ་ལོན་པའི་བྱིས་པ་སྐྱིད་གྲོང་གྲོང་རྡལ་གྱི་བུ་བཅོལ་ཁང་དུ་སློབ་ཞུགས་བྱས་ནས་སློབ་འགོ་ཚུགས་པ།

  • ཡོང་ཁུངས།  བོད་ལྗོངས་ཉིན་རེའི་ཚགས་པར་བོད་ཡིག་སྨྱན་སྦྱོར།   |     སྤེལ་དུས།  2026-09-01

    ཟླ་8ཚེ་31ཉིན། སྐྱིད་གྲོང་རྫོང་སྐྱིད་གྲོང་གྲོང་རྡལ་དང་ས་ལེ་ཤང་གི་གནོད་འཚེ་ཕོག་པའི་གྲོང་ཚོ(གྲོང་ལྷན)5ཡི་བཀོད་སྒྲིག་བྱ་ཡུལ་གྱི་སློབ་ལོ་ལོན་པའི་བྱིས་པ་སྐྱིད་གྲོང་གྲོང་རྡལ་གྱི་བུ་བཅོལ་ཁང་དུ་སློབ་ཞུགས་བྱས་ནས་སློབ་འགོ་ཚུགས་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། གེགས་རྗེས་ཀྱི་དམངས་འཚོ་འགན་ལེན་ལས་དོན་ཡག་པོ་བསྒྲུབས་ཏེ་ཕྲུ་གུ་གཅིག་ཀྱང་གནོད་འཚེས་རྐྱེན་པས་སློབ་སྦྱོང་ལ་འཐུས་ཤོར་མི་འགྲོ་བ་བྱ་ཆེད། ཟླ་8ཚེས་30ཉིན་སྐྱིད་གྲོང་རྫོང་གི་འབྲེལ་ཡོད་ལས་དོན་མི་སྣ་གནས་སྐབས་བཀོད་སྒྲིག་བྱ་ཡུལ་དུ་བསྐྱོད་དེ་སློབ་ཞུགས་གོང་གི་སློབ་ལོ་ལོན་པའི་བྱིས་པ་ཐོ་འགོད་དང་བསྡོམས་རྩིས་བྱས་མཐར་བྱིས་པ་17བུ་བཅོལ་ཁང་དུ་ཞུགས་རྒྱུའི་གཏན་འཁེལ་བྱས་པ་རེད།


    བུ་བཅོལ་ཁང་དུ་ཞུགས་པའི་ཉིན་དེར་སྐྱིད་གྲོང་གྲོང་རྡལ་གྱི་བུ་བཅོལ་ཁང་གིས་འབྱོར་ཐོ་འགོད་པ་སོགས་ཀྱི་བརྒྱུད་རིམ་སྟབས་བདེ་རུ་བཏང་ནས་གནོད་འཚེ་ཕོག་པའི་བྱིས་པ་བདེ་བླག་ངང་བུ་བཅོལ་ཁང་དུ་ཞུགས་རྒྱུར་འགན་ལེན་བྱས་པ་རེད། 

    དེ་དང་ཆབས་ཅིག་གནོད་འཚེ་ཕོག་པའི་མང་ཚོགས་ཀྱི་སྡོད་གནས་བཀོད་སྒྲིག་གཅིག་སྡུད་མིན་པ་དང་འགྲོ་འོང་སྟབས་བདེ་མེད་པ་སོགས་ཀྱི་དངོས་ཡོད་གནས་ཚུལ་ལ་དམིགས་ནས་སྐྱིད་གྲོང་རྫོང་གིས་ཆེད་མངགས་བསུ་སྐྱེལ་རླངས་འཁོར་བཏང་སྟེ་ཕྲུ་གུ་སློབ་གྲྭར་འགྲོ་སྐབས་ཀྱི་བདེ་འཇགས་ལ་འགན་ལེན་བྱས་ནས་ཁྱིམ་བདག་གི་སེམས་ཁྲལ་རྦད་དེ་བསལ་བ་རེད།


    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།