ནེ་པ་ལའི་ཆུ་རུད་ཀྱི་གནོད་འཚེར་མི་ཆིག་སྟོང་ལ་ཉེ་བ་གྲོངས་འདུག

ནེ་པ་ལའི་ཉེན་རྟོག་ཕྱོགས་ཀྱིས་ཁྱབ་བསྒྲགས་བྱས་པའི་གྲངས་གཞི་གསར་ཤོས་གཞིར་བཟུང་། ས་གནས་དེ་གའི་དུས་ཚོད་ཟླ་8ཚེས་31ཉིན་གྱི་ཕྱི་དྲོའི་ཆུ་ཚོད་8པ་བར། ནེ་པ་ལའི་ཆུ་རུད་ཀྱི་གནོད་འཚེས་རྐྱེན་ལམ་དུ་ཤོར་བའི་མི་གྲངས་974བར་འཕར་ཡོད་པ་རེད།
ཚེས་26ཉིན། ནེ་པ་ལའི་བྱང་རྒྱུད་ཀྱི་རི་ཟུར་ས་ཁུལ་དུ་གཞི་ཁྱོན་ཆེ་བའི་ཆུ་རུད་ཀྱི་གནོད་འཚེ་ཐོན་ཡོད། ཚེས་26ཉིན་ནེ་པ་ལ་སྲིད་གཞུང་གིས་འབྲེལ་ཡོད་བཅའ་ཁྲིམས་ཀྱི་གཏན་འབེབས་གཞིར་བཟུང་། གནོད་འཚེ་ཕོག་པའི་ས་ཁུལ་གྱི་ས་གནས་སྲིད་འཛིན་ཚན་པ་ཁག་གཅིག་གནོད་འཚེའི་ཉེན་ཁ་ཆེ་བའི་ས་ཁུལ་དུ་དབྱེ་རྒྱུའི་གཏན་འབེབས་བྱས་པ་དང་དུས་བཀག་ཟླ་བ་གསུམ་ཡིན་ཞིང་། རོགས་སྐྱོབ་དངོས་ཟོག་བཀོད་སྒྲིག་དང་མི་སྣར་དོ་དམ་བྱེད་ཤུགས་ཆེ་རུ་བཏང་ནས་གེགས་རྗེས་སླར་གསོའི་ལས་དོན་ལ་གཅིག་སྡུད་སྐུལ་འདེད་གཏོང་རྒྱུ་ཡིན་པ་རེད།
འབྲེལ་ཡོད་གསར་འགྱུར།