དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • གེགས་སེལ་གྱི་འཐབ་ས་དང་པོར་མངོན་པའི་གུང་ཁྲན་ཏང་ཡོན་གྱི“རང་མདངས”

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     རྩོམ་པ་པོ།  ​ཧྲེ་ཕེང་ཧྥེ།   |     སྤེལ་དུས།  2026-09-01

    གློ་བུར་དུ་ཐོན་པའི་གནོད་འཚེར་ཁ་གཏད་གཅོག་པ་ནི་ཉེན་སེལ་རོགས་སྐྱོབ་ཀྱི་གདོང་ཐུག་དམག་འཐབ་ཅིག་ཡིན་པ་མ་ཟད། ཏང་ཡོན་ལས་བྱེད་པའི་ཐོག་མའི་བསམ་འདུན་དང་འགན་འཁྲིར་ཡང་ཞིབ་དཔྱད་བྱེད་ཀྱི་ཡོད།

    གཞི་རིམ་ཏང་ཡོན་ལས་བྱེད་པས་སྣེ་ཁྲིད་དེ་སྐོར་ཞིབ་ཉེན་བཤེར་དང་ཉེན་ཁ་ཡོད་པའི་མང་ཚོགས་གནས་སྤོ་བྱེད་པ་དང་། འབྲེལ་ཡོད་སྡེ་ཚན་དང་ཆེད་ལས་རོགས་སྐྱོབ་སྟོབས་ཤུགས་ཀྱིས་མགྱོགས་མྱུར་བྱ་སྤྱོད་སྤེལ་བ། བཅིངས་འགྲོལ་དམག་དང་དྲག་ཆས་ཉེན་རྟོག་དཔུང་སྡེས་བཀའ་འབྱོར་འཕྲལ་སྒྲུབ་དང་དུས་ཐོག་ཏུ་དམིགས་སར་འབྱོར་བ། རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་ལྕི་འགན་ཁུར་ལེན་དང་འགག་སྒྲོལ་དཀའ་སེལ་གྱི་བྱ་སྤྱོད་དངོས་ལ་བརྟེན་པ་བཅས་བྱས་ཏེ། གེགས་སེལ་གྱི་འཐབ་ས་དང་པོར་ཏང་དར་ལྷབ་ལྷུབ་ཏུ་གཡོ་བར་བྱས་ཡོད།

    མིག་སྔར་ཉེན་སེལ་རོགས་སྐྱོབ་ལས་དོན་ཛ་དྲག་ལ་གོ་རིམ་ལྡན་པའི་ངང་སྤེལ་བཞིན་ཡོད་པ་དང་། མང་ཚོགས་བཀོད་སྒྲིག་དང་འཇུག་བསྡུའི་ལས་དོན་སོགས་ཕྱོགས་ཡོངས་ནས་སྤེལ་བཞིན་ཡོད་ཀྱང་། ས་མཐོའི་མཐོ་གྲང་ས་ཁུལ་གྱི་རྙོག་འཛིང་ཆེ་བའི་ས་དབྱིབས་དང་འགྱུར་ལྡོག་མང་བའི་གནམ་གཤིས་ཀྱིས་ཉེན་སེལ་རོགས་སྐྱོབ་ལས་དོན་ལ་དཀའ་ངལ་ཆེན་པོ་བཟོས་ཡོད། གཡང་གཟར་བྲག་རི་འཛེག་མཁན་གྱི་འཚོལ་སྐྱོབ་རུ་མི་དང་གྲུ་གཟིངས་བཏང་སྟེ་ཆུ་བོའི་གྱེན་འདེད་ནས་འགྲོ་བའི་བཟོ་སྐྲུན་པ་དང་ཡང་ན་མང་ཚོགས་ཀྱི་བདེ་སྡུག་སྲུང་མཁན་གཞི་རིམ་གྱི་ལས་བྱེད་པ་སུ་ཞིག་ཡིན་ནའང་། ཁོང་ཚོ་ཚང་མས་སེམས་ནང་མི་དམངས་འཇོག་པ་དང་ཕྲག་ཐོག་ཏུ་འགན་འཁྲི་འཁུར་བཞིན་ཡོད།

    ཉེན་སེལ་རོགས་སྐྱོབ་དང་འཕྲལ་སྡོམ་ཐག་གཅོད་སོགས་ཀྱི་ལས་དོན་ཁྲོད་ང་ཚོས་གུང་ཁྲན་ཏང་ཡོན་གྱི“ནམ་རྒྱུན་གཟེངས་སུ་ཐོན་པ་དང་། འགག་རྩའི་དུས་སུ་ལངས་ཕོད་པ། ཉེན་ཁའི་དུས་སུ་བློས་གཏོང་ཕོད་པ”བཅས་ཀྱི་རང་མདངས་མཐོང་བྱུང་།

    འགན་འཁུར་རྩོམ་སྒྲིག་པ། པ་སངས་དབང་མོ།

འབྲེལ་ཡོད་གསར་འགྱུར།