ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་ཀྱི་གློག་བརྙན་དང་བརྙན་འཕྲིན་ལེ་ཚན་རྩེ་གྲ་ཨེ་ཅིབ་ཏུ་འགྲེམས་གཏོང་བྱེད་འགོ་ཚུགས་པ།
ཉིན་ཤས་གོང་། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་ཀྱི་གློག་བརྙན་དང་བརྙན་འཕྲིན་ལེ་ཚན་རྩེ་གྲ་ཁེ་རོར་འགྲེམས་གཏོང་བྱེད་འགོ་ཚུགས་ཤིང་།《ཞི་ཀྲུའུ་ཞིའི་འཕྲིན་ཡིག》དང《ཞི་ཅིན་ཕིང་གིས་རིག་གནས་ལ་བཅངས་པའི་བརྩེ་སེམས》སོགས་སྤྱི་ཁྱབ་ལས་ཁུངས་ཀྱི་གློག་བརྙན་དང་བརྙན་འཕྲིན་ལེ་ཚན་རྩེ་གྲ་10ཙམ་ཨེ་ཅིབ་ཀྱི་རྒྱལ་ཁབ་བརྙན་འཕྲིན་ལས་ཁུངས་སོགས་ཨེ་ཅིབ་ཀྱི་སྨྱན་སྦྱོར་གཙོ་བོ་ནས་གཅིག་རྗེས་གཉིས་མཐུད་ངང་བསྟན་པ་དང་། ད་ཐེངས་ཀྱི་འགྲེམས་སྟོན་བྱེད་སྒོ་དེ་ལོ་མཇུག་བར་རྒྱུན་མཐུད་གཉེར་རྒྱུ་ཡིན་པ་རེད།
《ཞི་ཀྲུའུ་ཞིའི་འཕྲིན་ཡིག》ནང་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཕྱི་རྒྱལ་དུ་ཡོད་པའི་རྒྱ་རིག་པ་མཁས་ཅན་དང་། སྒྱུ་རྩལ་མཁས་ཅན། གཞོན་ནུ་ལོ་ཆུང་སོགས་ལ་སྤྲིངས་པའི་འཕྲིན་ལན་གཅེས་འདེམས་བྱས་ཏེ། ཀྲུའུ་ཞི་ཞི་ཅིན་ཕིང་གིས་དམངས་ཁྲོད་ཀྱི་མཛའ་གྲོགས་ལ་སྐུལ་འདེད་གཏོང་བ་དང་། དམངས་སེམས་གཅིག་མཐུན་ལ་སྐུལ་འདེད་གཏོང་བའི་མི་སེམས་འགུལ་བའི་གཏམ་རྒྱུད་གསོན་ཉམས་དོད་པོས་བརྗོད་ནས། དུས་རབས་གསར་པའི་ཀྲུང་གོའི་སྒོ་དབྱེ་བསྟུན་མཁས་དང་མཉམ་ལས་གཉིས་ཕན་གྱི་འགན་འཁུར་བའི་རྒྱལ་ཁབ་ཆེན་པོའི་གཟུགས་བརྙན་མངོན་པར་བྱས་ཡོད།
《ཞི་ཅིན་ཕིང་གིས་རིག་གནས་ལ་བཅངས་པའི་བརྩེ་སེམས》ཞེས་པའི་ནང་ཀྲུའུ་ཞི་ཞི་ཅིན་ཕིང་གིས་རིག་གནས་རྒྱུན་འཛིན་དང་འཕེལ་རྒྱས་ལ་ཐུགས་ཁུར་གནང་བའི་གསོན་ཉམས་དོད་པའི་གཏམ་རྒྱུད་བདམས་ནས་ཀྲུའུ་ཞི་ཞི་ཅིན་ཕིང་གི“རིག་གནས་དར་རྒྱས་བྱུང་ན་རྒྱལ་ཁབ་དར་རྒྱས་ཡོང་བ་དང་རིག་གནས་སྟོབས་ཆེར་ཕྱིན་ན་མི་རིགས་སྟོབས་ཆེ་ཡོང་བའི”ཐད་ཀྱི་དགོངས་པ་ཟབ་མོ་དང་རིག་གནས་ཤུལ་བཞག་ལ་གཅེས་སྤྲས་དང་ལོ་རྒྱུས་ཀྱི་རིག་རྒྱུན་འཛིན་སྐྱོང་ཐད་ཀྱི་བརྩེ་བ་ཟབ་མོ་མཚོན་པར་བྱས་ཏེ། རྒྱལ་སྤྱིའི་ལྟ་ཀློག་པ་ཚོར་ཞི་ཅིན་ཕིང་གི་རིག་གནས་དགོངས་པའི་ལྟེ་བའི་དོན་སྙིང་དང་ཀྲུའུ་ཞི་ཞི་ཅིན་ཕིང་གི་རྒྱལ་སྐྱོང་སྲིད་འཛིན་གྱི་འདུ་ཤེས་ཀྱི་གཏིང་ཟབ་པའི་རིག་གནས་ཀྱི་རྩ་བ་རྒྱས་བཤད་བྱས་ཡོད་པ་རེད།
འབྲེལ་ཡོད་གསར་འགྱུར།