དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • རྫ་ཆུ་དང་མེ་ཀུང་གཙང་རྒྱུད་རྒྱལ་ཁབ་དྲུག་གི་འཐུས་མི་མཚོ་སྔོན་དུ་ལྷན་འཛོམས་ཀྱིས་མི་ཆོས་རིག་གནས་དང་དཔལ་འབྱོར་ཚོང་དོན་མཉམ་ལས་ལ་མཉམ་དུ་སྐུལ་འདེད་བཏང་བ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།    |     སྤེལ་དུས།  2026-09-01

    ཟླ་8ཚེས་28ཉིན་གྱི་དགོང་མོར། “ཐུག་འཕྲད་དང་དཔྱད་མོལ——རྫ་ཆུ་དང་མེ་ཀུང་གཙང་པོའི་མཉམ་ལས་ཀྱི་ཆུ་འགོའི་གླེང་མོལ”བྱེད་སྒོ་མཚོ་སྔོན་ཞིང་ཆེན་ཟི་ལིང་གྲོང་ཁྱེར་དུ་སྤེལ་འགོ་ཚུགས་པ་རེད། རྫ་ཆུ་དང་མེ་ཀུང་གཙང་པོ་འབབ་རྒྱུད་ཀྱི་རྒྱལ་ཁབ་དྲུག་གི་འཐུས་མི་གཙང་གསུམ་ཆུ་འགོར་ལྷན་དུ་འཛོམས་ཏེ། ཤེས་དཔལ་ཕན་ཚུན་དཔྱད་གཞིར་འཛིན་རེས་ལ་སྐུལ་འདེད་དང་དམངས་སེམས་གཅིག་མཐུན་ལ་སྐུལ་འདེད་བཏང་སྟེ། དེ་བས་དམ་ཟབ་ཀྱི་རྫ་ཆུ་དང་མེ་ཀུང་གཙང་པོ་འབབ་རྒྱུད་རྒྱལ་ཁབ་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་པར་རམ་འདེགས་བྱས་པ་རེད།

    བྱེད་སྒོ་སྤེལ་རིང་། རྒྱལ་ཁབ་དྲུག་གི་འཐུས་མིས་ཐོན་ལས་མཉམ་ལས་འཕེལ་རྒྱས་དང་། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་། རིག་གནས་ཤུལ་བཞག་སྲུང་སྐྱོང་སོགས་ཀྱི་གྲོས་དོན་ལ་དམིགས་ཏེ་མཛའ་མཐུན་གླེང་མོལ་བྱས་ནས། ཉམས་མྱོང་སྤེལ་རེས་མཉམ་སྤྱོད་དང་ཕྱོགས་ཁག་གི་ཐུན་མོང་ངོས་འཛིན་གཅིག་ཏུ་བསྒྲིལ་བ་དང་ཆབས་ཅིག རྫ་ཆུ་དང་མེ་ཀུང་གཙང་པོ་འབབ་རྒྱུད་ཀྱི་གཞོན་ནུའི་མཉམ་ལས་གླེང་མོལ་དང་། རིག་གནས་ཡུལ་སྐོར་འོས་སྦྱོར་ངོ་སྤྲོད། ཞིམ་ཟས་མྱོང་རོལ། ཕུལ་བྱུང་རིག་རྩལ་བརྩམས་ཆོས་འགྲེམས་འཁྲབ་སོགས་ཀྱི་ཐད་ལ་དམིགས་ཏེ་སྤེལ་རེས་གཏིང་ཟབ་བྱ་རྒྱུ་ཡིན་པ་རེད།


    འགན་འཁུར་རྩོམ་སྒྲིག་པ། པ་སངས་དབང་མོ།

འབྲེལ་ཡོད་གསར་འགྱུར།