བོད་ལྗོངས་འགྲེམས་ཚོགས་སྐབས་དྲུག་པའི་སྐོར་གྱི་སྤྱི་བསྒྲགས།
ཟླ་8ཚེས་26ཉིན། ནེ་པ་ལའི་ཕྱོགས་སུ་ཆུ་རུད་ཀྱི་གནོད་འཚེ་ཐོན་ནས་གཞིས་རྩེ་གྲོང་ཁྱེར་སྐྱིད་གྲོང་རྫོང་སྐྱིད་གྲོང་འགག་སྒོར་མི་སྣ་ཤི་རྨས་དང་འབྲེལ་བ་ཆད་པའི་གནས་ཚུལ་ཚབས་ཆེན་ཐོན་ཡོད། ཞིབ་འཇུག་བྱས་པ་བརྒྱུད། ཀྲུང་གོའི་བོད་ལྗོངས་ཡུལ་སྐོར་དང་རིག་གནས་ཀྱི་རྒྱལ་སྤྱིའི་འགྲེམས་ཚོགས་སྐབས་དྲུག་པ་སྟབས་བསྡུས་ངང་འཚོག་རྒྱུ་དང་། སྔོན་གཏན་འཁེལ་བའི་འགོ་ཚུགས་མཛད་སྒོ་དང་། ས་མཐོའི་ཁྱད་ལྡན་ལེགས་ཆའི་ཐོན་ལས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་བློ་འདྲི་སྤེལ་རེས། རིག་གནས་དང་ཡུལ་སྐོར་འོས་སྦྱོར་དང་ཐོན་ལས་ཚོང་འགུགས་སོགས་ཀྱི་བྱེད་སྒོ་ཚང་མ་གཉེར་གྱི་མིན། ཐོན་ལས་འགྲེམས་སྟོན་དང་ཐོན་རྫས་འགྲེམས་ཚོང་བྱེད་སྒོ་ཁོ་ན་ཟླ་9ཚེས་2ཉིན་ནས་སྤེལ་རྒྱུ་ཡིན།
ཀྲུང་གོའི་བོད་ལྗོངས་ཡུལ་སྐོར་དང་རིག་གནས་རྒྱལ་སྤྱིའི་འགྲེམས་ཚོགས་སྒྲིག་འཛུགས་ཨུ་ལྷན་གཞུང་ལས་ཁང་ནས།
2026ལོའི་ཟླ་8ཚེས31ཉིན།
འབྲེལ་ཡོད་གསར་འགྱུར།