ཀྲུང་གོའི་འཕྲལ་སྡོམ་རོགས་སྐྱོབ་དངོས་ཟོག་ཁག་དང་པོ་ནེ་པ་ལར་འབྱོར་བ།

འདི་ནི་ནེ་པ་ལར་རོགས་སྐྱོབ་བྱེད་པར་བསྐྱོད་པའི་ཀྲུང་གོའི་ཕུག་ལམ་རོགས་སྐྱོབ་རིགས་གཅིག་མཁས་ཅན་ཐེ་ལི་པུ་དབན་རྒྱལ་སྤྱིའི་གནམ་ཐང་དུ་འབྱོར་བ།

འདི་ནི་ནེ་པ་ལར་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་བ་ཀྲང་མའོ་མིང(གཡོན་གྱི་དང་པོ)གིས་ནེ་པ་ལའི་ཚན་རིག་དང་། ལག་རྩལ། གསར་གཏོད་བཅས་པུའི་པུའུ་ཀྲང་མཱ་ཧ་པིར·ཕུའུ་ཨེན(གཡོན་གྱི་གཉིས་པ)ལ་ཐེ་ལི་པུ་དབན་རྒྱལ་སྤྱིའི་གནམ་ཐང་དུ་དངོས་ཟོག་རྩིས་སྤྲོད་བཞིན་པ།

འདི་ནི་ཐེ་ལི་པུ་དབན་རྒྱལ་སྤྱིའི་གནམ་ཐང་གི་ལས་དོན་པས་ཀྲུང་གོའི་འཕྲལ་སྡོམ་རོགས་སྐྱོབ་དངོས་ཟོག་འབེབས་བཞིན་པ།
ཟླ་8ཚེས་26ཉིན། ནེ་པ་ལའི་ས་ཁོངས་སུ་འཁྱགས་རོམ་གས་པ་དང་འབྲེལ་ཆུ་རུད་ཀྱི་གནོད་འཚེ་ཚབས་ཆེན་ཐོན་ནས་མི་སྣ་ཤི་རྨས་དང་། འབྲེལ་བ་ཆད་པ། རྒྱུ་ནོར་ལ་གྱོང་གུན་ཕོག་པ་བཅས་ཀྱི་གནས་ཚུལ་ཚབས་ཆེན་ཐོན་ཡོད། ནེ་པ་ལའི་རྒྱལ་ཁབ་གནོད་འཚེ་ཉུང་གཏོང་དང་ཉེན་ཁ་ཆུང་གཏོང་དོ་དམ་ཅུས་ཀྱིས་ཡོངས་བསྒྲགས་བྱས་པའི་གྲངས་གཞིར་གཞིགས་ན། ས་གནས་དེ་གའི་དུས་ཚོད་ཟླ་8ཚེས་30ཉིན་གྱི་ཆུ་ཚོད་9པའི་བར། ད་ཐེངས་ཀྱི་ཆུ་རུད་ཀྱི་གནོད་འཚེ་ལས་མི་734རྐྱེན་ལམ་དུ་ཤོར་བ་དང་གཞན་ཡང་མི་2498དང་འབྲེལ་བ་ཆད་ཡོད་པ་རེད།
གནོད་འཚེ་ཐོན་རྗེས་ཀྲུང་གོས་འཕྲལ་མར་ནེ་པ་ལར་འཕྲལ་སྡོམ་རོགས་སྐྱོབ་བྱས་ཤིང་། ས་གནས་དེ་གའི་དུས་ཚོད་ཟླ་8ཚེས་30ཉིན་གྱི་ཆུ་ཚོད་7པ་ཡོལ་ཙམ་ལ་གུར་དང་། ཀམ་པ་ལི། སྐམ་ཟས། ཉལ་ཁུག མྱུར་སྐྱོབ་ཁུག་མ་སོགས་ཁྲི་1.32དང་ལྗིད་ཚད་ཏུན་50ལྷག་ཙམ་ཡོད་པའི་རོགས་སྐྱོབ་དངོས་ཟོག་ཀྲུང་གོའི་མཁའ་དམག་གི་སྐྱེལ་འདྲེན—20རྟགས་ཅན་གྱི་སྐྱེལ་འདྲེན་གནམ་གྲུ་ཆེན་པོ་གཉིས་ནེ་པ་ལའི་ཀ་ཏ་མན་རྡུའི་ཐེ་ལི་པུ་དབན་རྒྱལ་སྤྱིའི་གནམ་ཐང་དུ་སྔ་རྗེས་སུ་འབྱོར་བ་རེད།
ནེ་པ་ལར་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་བ་ཀྲང་མའོ་མིང་གིས་ནེ་པ་ལའི་ཚན་རིག་དང་། ལག་རྩལ། གསར་གཏོད་བཅས་པུའི་པུའུ་ཀྲང་མཱ་ཧ་པིར·ཕུའུ་ཨེན་ལ་ཡུལ་དངོས་སུ་དངོས་ཟོག་དག་རྩིས་སྤྲད་པ་རེད། མཱ་ཧ་པིར·ཕུའུ་ཨེན་གྱིས་ཀྲུང་གོ་སྲིད་གཞུང་དང་མི་དམངས་ཀྱིས་རྩ་ཆེའི་རྒྱབ་སྐྱོར་གནང་བར་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། དངོས་ཟོག་དེ་དག་གིས་གེགས་ཁུལ་གྱི་རོགས་སྐྱོབ་ལས་དོན་ལ་ནུས་པ་གལ་ཆེན་ཐོན་ངེས་རེད་ཅེས་བརྗོད་པ་རེད།
འབྲེལ་ཡོད་གསར་འགྱུར།