དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • “དཔྱིད་ཆར་མྱུག་གསོའི”ཆེད་དོན་བྱ་སྤྱོད་ཀྱིས་གཉེར་སྐྱོང་བྱེད་པོ་ཆུང་ཕྲན་འཕེལ་རྒྱས་ལ་རམ་འདེགས་བྱས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2026-09-01

    ད་ལོའི་ཟླ་3པར། རྒྱལ་ཁབ་ཁྲལ་དོན་སྤྱི་ཁྱབ་ཅུས་སོགས་སྡེ་ཚན་9ཡིས་མཉམ་འབྲེལ་ཐོག་བརྡ་ཐོ་བཀྲམ་ནས། 2026ལོའི་གཉེར་སྐྱོང་བྱེད་པོ་ཆུང་ཕྲན་འཕེལ་རྒྱས་ལ་རམ་འདེགས་བྱེད་པའི“དཔྱིད་ཆར་མྱུག་གསོའི”ཆེད་དོན་བྱ་སྤྱོད་སྤེལ་ནས་ཕྱོགས་བཞིའི་ཐད་ཀྱི་ཞབས་ཞུའི་བྱ་ཐབས་བཏོན་ཏེ་གཉེར་སྐྱོང་བྱེད་པོ་ཆུང་ཕྲན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱས་པ་རེད། སྡེ་ཚན་9ཡིས་རྒྱུན་རྣམ་ཅན་གྱི་སྲིད་གཞུང་དང་ཁེ་ལས་དབར་གྱི་འབྲེལ་གཏུག་ལམ་སྲོལ་རྒྱ་ཆེར་བཏང་ནས། སྡེ་ཚན་དབར་གྱི་དགོས་མཁོ་སྦྲེལ་མཐུད་དང་། ཆ་འཕྲིན་བརྗེ་རེས། གྲངས་གཞི་མཉམ་སྤྱོད་བཅས་ལ་སྐུལ་འདེད་བཏང་སྟེ་གཉེར་སྐྱོང་བྱེད་པོ་ཆུང་ཕྲན་ལ“ལས་ཕྱོད་ཆེན་པོས་བྱ་བ་གཅིག་སྒྲུབ་པར”འདེགས་སྐྱོར་བྱས་ཡོད། ཟླ་7པའི་ཟླ་མཇུག་བར་སྡེ་ཚན་མང་པོས་རིམ་རྩིས་བརྒྱབ་ན་མཉམ་ལས་ལམ་སྲོལ་127བཙུགས་ནས་གྲངས་གཞི་དུང་ཕྱུར་9.74མཉམ་སྤྱོད་བྱས་པ་རེད།

    ཆེད་དོན་བྱ་སྤྱོད་སྤེལ་ཚུན། སྡེ་ཚན་9ཡིས་གཉེར་སྐྱོང་བྱེད་པོ་ཆུང་ཕྲན་གྱི་ཁྲོམ་ར་རྒྱ་སྐྱེད་དང་། སྤུས་རྟགས་རིམ་སྤོར། རྒྱལ་སྒྲོལ་འཕེལ་རྒྱས་སོགས་ཀྱི་དགོས་མཁོར་དམིགས་ནས་སྡེ་ཚན་ཁག་གི་སྲིད་ཇུས་ཐོན་ཁུངས་བསྡུ་སྒྲིལ་བྱས་ཏེ། རྩེག་སྣོན་གྱི་ཕན་འབྲས་ཐོན་པར་བྱས་ནས་ཚད་ལྡན་གྱི་འཁོར་ལམ་ཐོག་གཉེར་སྐྱོང་བྱེད་པོ་ཆུང་ཕྲན་མགྱོགས་མྱུར་འཚར་ལོངས་ཡོང་བར་རོགས་རམ་བྱས་པ་རེད།


    འགན་འཁུར་རྩོམ་སྒྲིག་པ། པ་སངས་དབང་མོ།

འབྲེལ་ཡོད་གསར་འགྱུར།