སི་ཁྲོན་རུ་ཁག་ལ་རྒྱལ་ཡོངས་བུད་མེད་ལན་ཆིའུ་སྤོ་ལོའི་ལེགས་སྐྱེས་འགྲན་བསྡུར་གྱི་ཨང་དང་པོ་ཐེངས་ལྔ་བསྟུད་མར་ཐོབ་པ།
ཟླ་8ཚེས་30ཉིན། 2026ལོའི་རྒྱལ་ཡོངས་བུད་མེད་ལན་ཆིའུ་སྤོ་ལོའི་ལེགས་སྐྱེས་འགྲན་བསྡུར་སི་ཁྲོན་ཀོང་ཨན་དུ་མཇུག་འགྲིལ་བ་རེད། མཐའ་བསྡུར་ནང་སི་ཁྲོན་རུ་ཁག་གིས་སྐར་མ་81∶75ཡི་ཐོག་ནས་ཧྲན་ཏུང་རུ་ཁག་ལས་རྣམ་པར་རྒྱལ་ཏེ་འགྲན་བསྡུར་གྱི་ཨང་དང་པོ་ཐེངས་ལྔ་བསྟུད་མར་བླངས་པ་རེད།
འགྲན་བསྡུར་འགོ་ཚུགས་རྗེས། སི་ཁྲོན་རུ་ཁག་ལ་སྐར་མ་7བསྟུད་མར་ཐོབ་པ་དང་། སྐབས་ཤིག་རིང་སྐར་མ་9ཡིས་སྔོན་ལ་སླེབས། ཀྲའེ་རུའོ་ཡུན་གྱི་སྣེ་ཁྲིད་འོག་ཧྲན་ཏུང་རུ་ཁག་གིས་སྐར་མ་9བསྟུད་མར་བླངས་ནས་སྐར་གྲངས་སྙོམས་པ་རེད། འགྲན་མཚམས་དང་པོ་མཇུག་འགྲིལ་སྐབས་སི་ཁྲོན་རུ་ཁག་སྐར་གྲངས་17∶15ཡི་ཐོག་ནས་སྔོན་ལ་སླེབས་པ་རེད།
འབྲེལ་ཡོད་གསར་འགྱུར།