དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཟླ་དང་པོ་ནས་བདུན་པ་བར་རྒྱལ་ཡོངས་ཀྱི་སྤྱི་ཚོགས་ཟོག་འགྲུལ་དངུལ་འབོར་དུས་མཚུངས་ལས་5.0%འཕར་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2026-09-01

    ཀྲུང་གོ་ཟོག་འགྲུལ་དང་ཉོ་སྒྲུབ་མཉམ་འབྲེལ་ལྷན་ཚོགས་ཀྱིས་ཡོངས་བསྒྲགས་བྱས་པའི་གྲངས་གཞི་ལས་མངོན་པར། འདི་ལོའི་ཟླ་དང་པོ་ནས་བདུན་པ་བར་རྒྱལ་ཡོངས་ཀྱི་སྤྱི་ཚོགས་ཟོག་འགྲུལ་དངུལ་འབོར་སྒོར་དུང་ཕྱུར་ཁྲི་214.5ཟིན་པ་དེ་དུས་མཚུངས་ལས་5.0%འཕར་བ་དང་། སྤྱི་ཚོགས་ཀྱི་ཟོག་འགྲུལ་དངུལ་འབོར་མུ་མཐུད་བརྟན་པོ་འཕར་ནས་དགོས་མཁོའི་གྲུབ་ཆ་ཅུང་ལེགས་སུ་ཕྱིན་ཡོད།

    བཟོ་ལས་ཐོན་རྫས་ཀྱི་ཟོག་འགྲུལ་གྱི་གཞི་སྡེར་རྩ་བའི་ཆ་ནས་བརྟན་པོ་ཡོད་པ་དང་གྲུབ་ཆ་རིམ་སྤོར་གྱི་རྣམ་པ་ཉིན་བཞིན་མངོན་གསལ་དོད་དུ་ཕྱིན་ཞིང་། ཟླ་དང་པོ་ནས་བདུན་པ་བར་བཟོ་ལས་ཐོན་རྫས་ཀྱི་ཟོག་འགྲུལ་དངུལ་འབོར་དུས་མཚུངས་ལས་5.3%འཕར་བ་དེའི་ནང་བཟོ་སྐྲུན་ལས་རིགས་ཀྱི་ཟོག་འགྲུལ་སྔར་བཞིན་འཕར་བའི་སྒུལ་ཤུགས་ཤིག་ཡིན་པ་དང་། ཟླ་7པར་བཟོ་སྐྲུན་ལས་རིགས་ཀྱི་འབྲེལ་ཡོད་ཟོག་འགྲུལ་དགོས་མཁོ་དུས་མཚུངས་ལས་5.5%འཕར་བ། འཕར་ཚད་བཟོ་ལས་ཐོན་རྫས་ཡོངས་ཀྱི་ཟོག་འགྲུལ་དང་བསྡུར་ན་བརྒྱ་ཆའི་གྲངས་1.0གྱིས་མཐོ་བ་ཡོད། ཞིབ་ཕྲའི་ཁྱབ་ཁོངས་ནང་སྒྲིག་ཆས་བཟོ་སྐྲུན་གྱི་ཟོག་འགྲུལ་དགོས་མཁོ་དུས་མཚུངས་ལས་12.3%འཕར་བ་དང་། ལག་རྩལ་མཐོ་བའི་བཟོ་སྐྲུན་གྱི་འབྲེལ་ཡོད་ཟོག་འགྲུལ་དགོས་མཁོ་དུས་མཚུངས་ལས་16.9%འཕར་ཡོད།

    ནང་འདྲེན་ཟོག་འགྲུལ་དངུལ་འབོར་བརྟན་པོ་འཕར་བ་དང་དངོས་ཟོག་རིགས་ཀྱི་གྲུབ་ཆ་ཁ་ཐོར་ཚུལ་མངོན་གསལ་དོད་དུ་ཕྱིན་ཞིང་། ཟླ་དང་པོ་ནས་བདུན་པ་བར་ནང་འདྲེན་ཟོག་འགྲུལ་བསྡོམས་འབོར་དུས་མཚུངས་ལས་1.8%འཕར་བ་དང་། མཐོ་གསར་ལག་རྩལ་ཐོན་རྫས་དང་འཕྲུལ་གློག་ཐོན་རྫས་ནང་འདྲེན་གྱི་ཟོག་འགྲུལ་ཚད་གཞི་རྒྱུན་ཆད་མེད་པར་མགྱོགས་མྱུར་འཕར་ཡོད། 

    འགན་འཁུར་རྩོམ་སྒྲིག་པ། པ་སངས་དབང་མོ།

འབྲེལ་ཡོད་གསར་འགྱུར།