དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • སྐྱིད་གྲོང་འགག་སྒོའི་ལྟེ་བའི་རོགས་སྐྱོབ་བྱ་ཡུལ་ཕྱོགས་སུ་བསྐྱོད་པའི་སྐམ་སའི་བགྲོད་ལམ་རྒྱུན་མཐུད་མྱུར་བཟོ་བྱེད་བཞིན་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-08-31

    ཟླ་8ཚེས་29ཉིན་གྱི་ཞོགས་པར། བོད་ལྗོངས་ཉིན་རེའི་ཚགས་པར་གྱི་གསར་འགོད་པ་རོགས་སྐྱོབ་དཔུང་ཁག་གི་རྗེས་སུ་འབྲངས་ཏེ་སྐྱིད་གྲོང་འགག་སྒོའི་ལྟེ་བའི་རོགས་སྐྱོབ་བྱ་ཡུལ་དང་བར་ཐག་སྤྱི་ལེ་1ཆོད་པའི་སར་འབྱོར། ས་ཡུལ་དངོས་སུ་དྲག་ཆས་ཉེན་རྟོག་དཔོན་དམག་དང་། མེ་གསོད་བཀོད་འཐབ་པ། རིགས་ཁག་གི་རོགས་སྐྱོབ་མི་སྣ་བཅས་ཀྱིས་G216ལམ་རྒྱུད་ཀྱི་གནོད་འཚེ་ཕོག་པའི་ལམ་དུམ་གྱི་འདམ་རྫབ་གཤོང་བ་སོགས་བགྲོད་ལམ་མྱུར་བཟོའི་ལས་དོན་གོ་རིམ་ལྡན་པའི་ངང་སྤེལ་བཞིན་ཡོད་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། ཟླ་8ཚེས་29ཉིན། འཕྲལ་སྡོམ་དོ་དམ་པུའུ་ཡིས་ཀྲུང་གོ་ཨན་ནེང་ལས་གྲྭའི་མི་སྣ་མངགས་ཏེ་འགྲོ་ལམ་མྱུར་བཟོའི་ལས་དོན་མུ་མཐུད་སྤེལ་བ་དང་། ལག་རྩལ་དང་རྩལ་ནུས་རྐང་འཛིན་པ་60བཏང་བ་དང་སྔོག་འཕྲུལ་དང་ས་བླུག་འཕྲུལ་འཁོར་སོགས་ལས་གྲྭའི་རོགས་སྐྱོབ་སྒྲིག་ཆས་ཆ་ཚང་28སྐོང་འཐེན་བྱས་ཏེ། རྒྱལ་ལམ་G216གི་གཏོར་སྐྱོན་ཤོར་བའི་ལམ་དུམ་ནུས་ཤུགས་ཡོད་རྒུས་མྱུར་བཟོ་བྱས་པ་རེད། ཀྲུང་གོ་ཨན་ནེང་ཅུས་གསུམ་པའི་བཀོད་འདོམས་དཔོན་གཞོན་པ་ཀྲོའུ་ཀང་གིས། འཚོལ་སྐྱོབ་དང་རོགས་སྐྱོབ་ལྟེ་བའི་ཁུལ་དུ་སྐྱོད་པའི་རོགས་སྐྱོབ་བགྲོད་ལམ་ལ་མིག་སྔར་འཕྲད་པའི་དཀའ་ངལ་གཙོ་བོ་ནི་གནོད་འཚེ་ཐོན་རྗེས་ཆུ་རྒྱུག་ས་སྤྱི་ཡོངས་མཐོ་རུ་ཕྱིན་ནས་སྔར་ཡོད་ཀྱི་ལམ་གཞི་ཆུས་འཁྱེར་བ་དང་། གནས་ཚུལ་ཐོན་ཡུལ་དུ་མྱུར་བཟོར་མཁོ་བའི་སྤོངས་ཆེའི་རྒྱུ་ཆ་དཀོན་པ། དེ་དང་ཆབས་ཅིག་ཆུ་ཤུགས་ཆེ་བ་དང་མྱུར་ཚད་མགྱོགས་པས་ཉེན་སེལ་རོགས་སྐྱོབ་ལས་དོན་ལ་འགྲན་སློང་ཆེན་པོ་འཕྲད་པ་དེ་རེད་ཅེས་ངོ་སྤྲོད་བྱས།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།