དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཟླ་དང་པོ་ནས་བདུན་པའི་བར་རྒྱལ་ཡོངས་ཀྱི་སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་ཡོང་འབབ་བརྟན་ལ་ཅུང་མགྱོགས་པོ་འཕར་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2026-08-31

    གསར་འགོད་པར་ནོར་སྲིད་པུའུ་ནས་ཤེས་རྟོགས་བྱུང་བར། ཟླ་དང་པོ་ནས་བདུན་པའི་བར། རྒྱལ་ཡོངས་ཀྱི་སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་ཡོང་འབབ་སྒོར་དུང་ཕྱུར་ཁྲི་14.37ཟིན་པ་དེ་དུས་མཚུངས་ལས་5.8%འཕར་བ་དང་། འཕར་ཚད་ལོ་སྟོད་ལས་བརྒྱ་ཆའི་གྲངས་1.1གིས་མཐོ་རུ་ཕྱིན་ནས་བརྟན་ལ་ཅུང་མགྱོགས་པོ་འཕར་ཡོད། ཁྲལ་བསྡུའི་ཡོང་འབབ་འཕར་ཚད་མུ་མཐུད་མཐོ་རུ་ཕྱིན་ཞིང་། རྒྱལ་ཡོངས་ཀྱི་ཁྲལ་བསྡུའི་ཡོང་འབབ་སྒོར་དུང་ཕྱུར་ཁྲི་11.84ཟིན་པ་དེ་དུས་མཚུངས་ལས་6.7%འཕར་བ་དང་འཕར་ཚད་ལོ་སྟོད་ལས་བརྒྱ་ཆའི་གྲངས་1.4ཡིས་མཐོ་རུ་ཕྱིན་ཡོད། ཁྲལ་བསྡུའི་རིགས་མི་འདྲ་བ་ནས་བལྟས་ཚེ། རྒྱལ་ནང་གི་གནས་ཐང་འཕར་ཁྲལ་6.1%འཕར་བ་དེ་གཙོ་བོ་བཟོ་ལས་དང་ཞབས་ཞུའི་ལས་རིགས་རྒྱུན་མཐུད་འཕར་བ་སོགས་ཀྱིས་སྐུལ་ཁྲིད་ལས་བྱུང་བ་དང་། ནང་འདྲེན་ཚོང་ཟོག་གི་གནས་ཐང་འཕར་ཁྲལ་དང་འཛད་སྤྱོད་དཔྱ་ཁྲལ་12.3%འཕར་བ་དེ་གཙོ་བོ་ཕྱི་ཕྱོགས་ཚོང་དོན་གྱི་ནང་འདྲེན་ཅུང་མགྱོགས་པོ་འཕར་བ་ལས་བྱུང་བ། ཁེ་ལས་ཀྱི་ཐོབ་ཁྲལ་7.2%འཕར་བ་དེ་གཙོ་བོ་ཁེ་ལས་ཀྱི་ཁེ་སྤོགས་ཅུང་མགྱོགས་པོ་འཕར་བ་ལས་བྱུང་བ། ཕྱིར་གཏོང་དངོས་ཟོག་གི་གནས་ཐང་འཕར་ཁྲལ་དང་འཛད་སྤྱོད་དཔྱ་ཁྲལ་བསློགས་ཚད་སྒོར་དུང་ཕྱུར་ཁྲི་1.48ཟིན་པ་དེ་ལོ་གོང་མའི་དུས་མཚུངས་ལས་སྒོར་དུང་ཕྱུར་735ཡིས་མང་བ་བསློགས་ནས་ཕྱི་ཕྱོགས་ཚོང་དོན་གྱི་ཕྱིར་གཏོང་འཕར་བར་རྒྱབ་སྐྱོར་བྱས་ཡོད།

    རྒྱལ་ཡོངས་ཀྱི་སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་གཏོང་སྒོའི་ཐད་དགོས་ངེས་ཀྱི་ཤུཌ་ཚད་རྒྱུན་འཁྱོངས་ཐུབ་པ་དང་། གཙོ་གནད་ཁྱབ་ཁོངས་ཀྱི་གཏོང་སྒོར་འགན་ལེན་ལེཌ་ཙམ་ཐུབ་ཡོད། ཟླ་དང་པོ་ནས་བདུན་པའི་བར། རྒྱལ་ཡོངས་ཀྱི་སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་གཏོང་སྒོ་སྒོར་དུང་ཕྱུར་ཁྲི་16.29ཟིན་པ་དེ་དུས་མཚུངས་ལས་1.3%འཕར་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།