སྙིང་རུས་གཏན་འཁྱོངས་ཀྱིས་སློབ་སྦྱོང་སློབ་གསོའི་གྲུབ་འབྲས་རྒྱུན་ཆད་མེད་པར་སྲ་བརྟན་དང་རྒྱ་སྐྱེད་གཏོང་དགོས།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་ལས་རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་ལག་ལེན་དང་། མི་དམངས། ལོ་རྒྱུས་བཅས་ཀྱི་ཞིབ་དཔྱད་ཐེག་པའི་གྲུབ་འབྲས་དངོས་ཧུར་ཐག་གཏོད་པར་སྐུལ་མ་ཐེབས་པ།
ཉེ་ཆར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཛུབ་སྟོན་གལ་ཆེན་གནང་ནས། སློབ་སྦྱོང་སློབ་གསོའི་ལས་དོན་དང་ཕན་འབྲས་ལ་ཁས་ལེན་གང་ལེགས་གནང་བ་དང་། སློབ་སྦྱོང་སློབ་གསོའི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་གཏོང་བ་དང་། ཡང་དག་པའི་སྲིད་དོན་ལས་རྗེས་ལྟ་བ་འཛུཌ་པ་དང་ལག་བསྟར་གྱི་ཕུགས་ཕན་ལམ་སྲོལ་འཛུགས་པར་བླང་བྱ་ཁ་གསལ་བཏོན་གནང་བ་རེད།
རྒྱ་ཆེའི་ཏང་ཡོན་ལས་བྱེད་པས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་གོ་བ་ནན་ཏན་ལེན་པ་དང་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱས་ཏེ། ཡང་དག་པའི་སྲིད་དོན་ལས་རྗེས་ལྟ་བ་འཛུགས་པ་དང་ལག་ལེན་བསྟར་རྒྱུ་དེ་ཡུན་རིང་གི་ལས་འགན་ཞིག་ཏུ་བརྩིས་ནས་དམ་འཛིན་དང་སྙིང་རུས་གཏན་འཁྱོངས་ཀྱིས་སློབ་སྦྱོང་སློབ་གསོའི་གྲུབ་འབྲས་རྒྱུན་ཆད་མེད་པར་སྲ་བརྟན་དང་རྒྱ་སྐྱེད་བཏང་སྟེ། ལག་ལེན་དང་། མི་དམངས། ལོ་རྒྱུས་བཅས་ཀྱི་ཞིབ་དཔྱད་ཐེག་པའི་གྲུབ་འབྲས་དངོས་ཧུར་ཐག་གཏོད་ཀྱི་ཡིན་ཞེས་བརྗོད།
ད་ལོ་ནི་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ་105འཁོར་བའི་ལོ་ཡིན་ལ། “ལོ་ལྔ་ཚན་བཅོ་ལྔ་པའི”འགོ་ཚུགས་ལོའང་ཡིན། “ཏང་ཡོངས་སུ་ཡང་དག་པའི་སྲིད་དོན་ལས་རྗེས་ལྟ་བ་འཛུཌ་པ་དང་ལག་བསྟར་གྱི་སློབ་སྦྱོང་སློབ་གསོ་སྤེལ་བ་ནི་དུས་ལ་བབས་པ་ཞིག་རེད། ཡུན་ནན་ཞིང་ཨུད་ཏང་གི་སློབ་གྲྭའི་མར་ཁེ་སི་རིང་ལུཌ་སློབ་གླིང་གི་ཡོན་ཀྲང་གཞོན་པ་དང་དགེ་རྒན་ཆེ་མོ་བ་པའེ་ཅིང་གིས། སློབ་སྦྱོང་སློབ་གསོའི་བཞུན་བརྡར་བརྒྱུད། རྒྱ་ཆེའི་ཏང་ཡོན་ལས་བྱེད་པས“སུའི་ཆེད་དུ་སྲིད་དོན་ལས་རྗེས་འཇོག་དགོས་པ་དང་། སྲིད་དོན་ལས་རྗེས་ཇི་ལྟར་འཇོག་དགོས་པ། གང་ལ་བརྟེན་ནས་སྲིད་དོན་ལས་རྗེས་འཇོག་དགོས་པ”བཅས་ཀྱི་བསམ་བློའི་ངོས་འཛིན་སྔར་བས་ཡོ་བསྲང་བྱས་པས། ཡང་དག་པའི་སྲིད་དོན་ལས་རྗེས་ལྟ་བར་ངོས་འཛིན་དང་རྒྱུས་ལོན་ཐུབ་ཚད་ཟབ་ཏུ་ཕྱིན་པ་དང་། ཕུགས་བསམ་དང་དད་སེམས་སྔར་བས་བརྟན་དུ་ཕྱིན་པ། དངོས་སྒྲུབ་ཀྱི་ངར་ཤུགས་སྔར་བས་ཆེ་རུ་ཕྱིན་ནས། “ལོ་ལྔ་ཚན་བཅོ་ལྔ་པའི”འགོ་ཡག་པོ་འཛུགས་པ་དང་གོམ་པ་བརྟན་པོ་སྤོ་བར་སྐུལ་མ་ནུས་ལྡན་ཐེབས་ཡོད་ཅེས་བརྗོད།
སློབ་སྦྱོང་སློབ་གསོ་སྤེལ་བ་བརྒྱུད། རྒྱ་ཆེའི་ཏང་ཡོན་ལས་བྱེད་པའི་དམིགས་ཡུལ་གྱི་འདུ་ཤེས་འཛིན་ཤུགས་ཆེ་རུ་ཕྱིན་པ་དང་། དམངས་ལ་བདེ་སྐྱིད་སྐྲུན་པ་ནི་སྲིད་དོན་ལས་རྗེས་ཆེ་ཤོས་ཡིན་པར་ངོས་འཛིན་གཏིང་ཟབ་ཐུབ་ཡོད།
“མི་དམངས་ནི་རང་རེའི་ཏང་གིས་སྲིད་སྐྱོང་བའི་གཏིང་ཤུགས་ཆེ་ཤོས་རེད། ཏང་ཡོན་ལས་བྱེད་པས་ངེས་པར་དུ་བསམ་བློ་དང་བྱ་སྤྱོད་ནས་ཐོག་མཐའ་བར་གསུམ་དུ་དམངས་ལ་བདེ་སྐྱིད་བསྐྲུན་རྒྱུ་དེ་སྲིད་དོན་ལས་རྗེས་ཆེ་ཤོས་སུ་བརྩི་བའི་འགྱུར་མེད་རང་བཞིན་དང་རང་རྟོགས་རང་བཞིན་ཆེ་རུ་བཏང་སྟེ། མི་དམངས་ལ་བདེ་སྐྱིད་སྐྲུན་པ་དང་མི་དམངས་ལ་བྱ་བ་དངོས་སྒྲུབ་དགོས”ཞེས་སི་ཁྲོན་ཞིང་ཆེན་དབན་ཡོན་གྲོང་ཨུད་ཀྱི་རྒྱུན་ཨུ་དང་རྩ་འཛུགས་པུའི་པུའུ་ཀྲང་ཝང་ཡུང་མིང་གིས་བརྗོད།
“གུང་ཁྲན་ཏང་མིས་བྱ་གཞག་སྒྲུབ་པ་དང་སྲིད་དོན་ལས་རྗེས་འཇོག་པའི་དམིགས་ཡུལ་ནི་དམངས་ལ་བདེ་སྐྱིད་སྐྲུན་ཆེད་རེད”བོད་རང་སྐྱོང་ལྗོངས་ལྷོ་ཁ་གྲོང་ཁྱེར་སྣེ་གདོང་ཆུས་ཨུད་ཀྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ་དང་རྒྱུན་ལས་ཆུས་ཀྲང་གཞོན་པ་ཝང་པོ་ཡིས“སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་ལག་བསྟར་གཏིང་ཟབ་བྱས་ཏེ། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་བརྟན་པོར་འཛུགས་པ་དང་། མི་དམངས་ཀྱི་ཆེད་དུ་འཕེལ་རྒྱས་གཏོང་བ་དང་། འཕེལ་རྒྱས་གཏོང་བར་མི་དམངས་ལ་བརྟེན་པ། འཕེལ་རྒྱས་ཀྱི་གྲུབ་འབྲས་མི་དམངས་ཀྱིས་མཉམ་སྤྱོད་བྱེད་པ་བཅས་མཐའ་འཁྱོངས་བྱས་ནས། མི་སེར་ལ་བྱ་བ་བཟང་པོ་དང་བྱ་བ་དངོས་ག་ཚོད་ཙམ་སྒྲུབ་མིན་དེ་སྲིད་དོན་ལས་རྗེས་ལ་ཞིབ་དཔྱད་བྱེད་པའི་ཚད་གཞི་གལ་ཆེན་དུ་བརྩི་དགོས”ཞེས་བརྗོད།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས། རྒྱུན་རྣམ་ཅན་གྱི་གནད་དོན་ཞིབ་བཤེར་དང་དག་ཐེར་མཐའ་འཁྱོངས་བྱས་ཏེ། ཡུན་རིང་དག་ཐེར་བྱེད་དགོས་པའི་སྲིད་དོན་ལས་རྗེས་ཀྱི་ལྟ་བ་ཡོ་ཁྱད་ཤོར་བའི་མངོན་གསལ་དོད་པའི་གནད་དོན་ལ་དམ་འཛིན་ནན་པོ་དང་ཕན་འབྲས་རྗེས་སྙེག་གིས་འདྲི་རྩད་བྱེད་དགོས་པའི་ནན་བཤད་གནང་བ་རེད།
“གནད་དོན་ཞིབ་བཤེར་དང་དག་ཐེར་བྱེད་པར་ཞིབ་ཕྲའི་དོན་དག་ལ་དམ་འཛིན་བྱེད་དགོས་པ་དང་། མང་ཚོགས་ཀྱི་དགོས་མཁོ་སྟོན་ཕྱོགས་སུ་བྱེད་པ་དང་། ཕན་འབྲས་དངོས་ཚད་གཞིར་བྱེད་པ། སྲིད་དོན་ལས་རྗེས་ལྟ་བར་ཡོ་ཁྱད་ཤོར་བའི་མངོན་གསལ་དོད་པའི་གནད་དོན་ལ་མུ་མཐུད་དོགས་ཟོན་དང་ཡོ་བསྲང་བཅས་བྱས་ནས། ཏང་ཡོན་ལས་བྱེད་པས་ཡང་དག་པའི་སྲིད་དོན་ལས་རྗེས་ལྟ་བའི་བསམ་བློའི་རང་རྟོགས་དང་། ཆབ་སྲིད་ཀྱི་རང་རྟོགས། བྱ་སྤྱོད་ཀྱི་རང་རྟོགས་བཅས་ཟམ་མི་ཆད་པར་ཆེ་རུ་གཏོང་རྒྱུར་སྐུལ་འདེད་གཏོང་དགོས”ཞེས་ཀྲེ་ཅང་ཞིང་ཆེན་ལི་ཧྲུའེ་གྲོང་ཁྱེར་སུང་དབྱང་རྫོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་ཆུས་མའོ་ཞན་གྱིས་བརྗོད།
“སློབ་སྦྱོང་སློབ་གསོ་སྤེལ་རིང་། གྲོང་གསེབ་ཀྱི་ཆུ་མཁོ་འདོན་གྱི‘བསྐྱར་སྐྲུན་ལ་སྣང་ཆེན་དང་དོ་དམ་ལ་སྣང་ཆུང་བྱེད་པའི’བཅོས་སྒྲིག་གི་ཞན་ཆར་དམིགས་ཏེ། ང་ཚོས་མདོང་དྲའི་སྤུས་འབྲས་སྒྱུར་བཀོད་ལ་སྐུལ་འདེད་གཏོང་བ་དང་འཁོར་རྒྱུག་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་ནས་མང་ཚོགས་ལ་བློ་བདེ་པོས་ཆུ་འཐུང་རྒྱུ་ཡོང་བར་བྱས་ཡོད། གོམ་སྟབས་རྗེས་མར། དམངས་འཚོའི་བདེ་རྩར་དམིགས་ཏེ་སྲིད་དོན་ལས་རྗེས་ལྟ་བར་ཡོ་ཁྱད་ཤོར་བའི་མངོན་གསལ་དོད་པའི་གནད་དོན་ལ་མུ་མཐུད་རྗེས་སྙེག་དང་དག་ཐེར་བྱེད་ཀྱི་ཡིན”ཞེས་ཁྲུང་ཆིང་གྲོང་ཁྱེར་ཅང་ཅིན་ཆུས་ཡིའུ་ཤིས་གྲོང་རྡལ་ཏང་ཨུད་ཀྱི་ཧྲུའུ་ཅི་ལི་ཤིན་གྱིས་བརྗོད།
“སློབ་སྦྱོང་སློབ་གསོའི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་གཏོང་བའི་འགག་རྩ་ནི་ལག་ལེན་གྱི་ཕན་འབྲས་དེ་ཕུགས་ཕན་ལམ་སྲོལ་དུ་སྒྱུར་བར་ཐུག་ཡོད”ཅེས་མཚོ་སྔོན་ཞིང་ཆེན་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཀྲོའུ་མང་ཡཱ་གྲོང་ཨུད་ཀྱི་ཧྲུའུ་ཅི་སུའུ་ཧྭ་ཡེ་ཡིས་བརྗོད་པ་དང་། ཁོང་གིས། ལམ་ལུགས་དང་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བའི་ཐད་ཤུགས་སྣོན་རྒྱག་པ་དང་ཐབས་ཇུས་གལ་ཆེན་གྱི་ཚན་རིག་དང་མཐུན་པའི་རིགས་པས་ཁུངས་སྐྱེལ་བའི་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་ནས། རྣམ་གྲངས་འཛུགས་སྐྲུན་སོགས་ཀྱི་འགག་རྩའི་ལྷུ་ཚིགས་ལ་སྔོན་ནས་ཞིབ་བཤེར་བྱེད་པར་ཤུགས་སྣོན་རྒྱག་རྒྱུ་དང། ཧེ་བག་ཅན་གྱི་དཔྱད་ཞིབ་གདེང་འཇོག་མ་ལག་འཐུས་སྒོ་ཚང་དུ་བཏང་ནས་ལས་བྱེད་པའི་སྲིད་དོན་ལས་རྗེས་ལ་གནད་སྨིན་དཔྱད་ཞིབ་བྱེད་ཀྱི་ཡིན་ཞེས་བརྗོད།
“གོམ་སྟབས་རྗེས་མར་ང་ཚོས་སློབ་སྦྱོང་སློབ་གསོ་སྤེལ་རིང་གི་སྤྱོད་གོ་ཆོད་པའི་ཉམས་མྱོང་དང་བྱེད་ཐབས་དག་ལམ་ལུགས་ཀྱི་ཚད་གཞིར་བསྒྱུར་ཏེ། ཕྱོགས་ཡོངས་ནས་གདེང་འཇོག་དང་འཕེལ་རྒྱས་རང་བཞིན་གྱི་གདེང་འཇོག་ཁྱད་ཆོས་སུ་བྱས་པའི་དགེ་རྒན་གྱི་སློབ་ཁྲིད་གདེང་འཇོག་མ་ལག་རྒྱུན་མཐུད་འཛུགས་པ་དང་འཐུས་སྒོ་ཚང་དུ་བཏང་ནས། དངོས་ཡོད་གྲུབ་འབྲས་མངོན་གསལ་དོད་པའི་དགེ་རྒན་ལ་དགོས་ངེས་ཀྱི་ཁས་ལེན་ཐོབ་པ་བྱེད་ཀྱི་ཡིན”ཞེས་ཆིང་ཧྭ་སློབ་ཆེན་མི་དོན་ཁྲུའུ་ཡི་ཁྲུའུ་ཀྲང་ཡུས་ཤིན་ཅེ་ཡིས་བརྗོད།
ཡང་དག་པའི་སྲིད་དོན་ལས་རྗེས་ལྟ་བ་འཛུགས་པ་དང་ལག་ལེན་བསྟར་བའི་སློབ་སྦྱོང་སློབ་གསོ་ནི་མཇུག་འགྲིལ་བ་ཞིག་མིན་པར་འགོ་གསར་པ་བཙུགས་པ་ཞིག་རེད།
“སྲིད་དོན་ལས་རྗེས་ལྟ་བའི་སློབ་གསོ་རྒྱུན་གཏན་ནས་སྤེལ་བའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བླང་བྱ་ལག་བསྟར་དོན་འཁྱོལ་བྱེད་པར་ང་ཚོས་ཤུགས་སྣོན་རྒྱག་ས་གནད་ལ་འཁེལ་པོས་འཚོལ་དགོས”ཞེས་ཀོང་ཏུང་ཁྲེ་པ་ལིང་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་དོ་དམ་ཅུས་ཀྱི་ཅུས་ཀྲང་ཧྲུའུ་ཙུའུ་ཧྥེ་ཡིས་བརྗོད་པ་དང་། ཁོང་གིས། ཡང་དག་པའི་སྲིད་དོན་ལས་རྗེས་ལྟ་བ་དེ་སྐྱེ་ཁམས་ཐོན་ཁུངས་ལ་བདག་སྐྱོང་དང་། ཚན་ཞིབ་ལྟ་ཞིབ་ཚད་ལེན། རིག་གནས་ཡུལ་སྐོར་འཕེལ་རྒྱས་སོགས་ཀྱི་ཞིབ་ཕྲའི་ལས་དོན་ཁག་ནང་དོན་འཁྱོལ་བྱས་ཏེ། སྐྱེ་ཁམས་སྲུང་སྐྱོང་དང་ལྗང་མདོག་ཐོན་ལས་མཉམ་འདྲེས་བྱས་ནས་ལྷོ་རིའི་སྐྱེ་ཁམས་སྲུང་བཅད་སྲུང་སྐྱོང་ཡག་པོ་བྱེད་ཀྱི་ཡིན་ཞེས་བརྗོད།
“སྲིད་དོན་ལས་རྗེས་ལྟ་བའི་སློབ་གསོ་རྒྱུན་གཏན་ནས་སྤེལ་ཆེད། ང་ཚོས་འབྲེལ་ཡོད་ནང་དོན་ན་གཞོན་ལས་བྱེད་པའི་དུས་འཁོར་ཧྲིལ་པོའི་གསོ་སྐྱོང་དང་མཉམ་འདྲེས་བྱས་ཏེ། གོ་གནས་གསར་དུ་སྤར་བའི་ལས་བྱེད་པར་ཡང་དག་པའི་སྲིད་དོན་ལས་རྗེས་ལྟ་བའི་འགན་སྒྲུབ་ཀྱི་སློབ་ཚན་དང་པོ་དེ་བཀོད་སྒྲིག་བྱ་རྩིས་ཡོད་ལ། འགག་རྩའི་ལས་གནས་ཐོག་གི་ལས་བྱེད་པས་སྲིད་དོན་ལས་རྗེས་ཀྱི་ཡོ་ཁྱད་དང་སྤྱོད་གཙང་ཚད་ལྡན་གྱི་འགན་སྒྲུབ་སོགས་ལ་དམིགས་ནས་ཆེད་དོན་གསོ་སྦྱོང་བྱས་ཏེ། ལས་བྱེད་པའི་ལས་སྒྲུབ་ལས་གཏོད་ཀྱི་རིན་ཐང་སྟོན་ཕྱོགས་རྒྱུན་ཆད་མེད་པར་གསལ་པོ་བཟོ་གི་ཡིན”ཞེས་ནང་སོག་རང་སྐྱོང་ལྗོངས་པཱ་ཡན་ཀྲོར་གྲོང་ཨུད་རྩ་འཛུགས་པུའི་རྒྱུན་ལས་པུའུ་ཀྲང་གཞོན་པ་ཀུའོ་ཡུས་ཧའེ་ཡིས་བརྗོད།
དམངས་ཀྱི་ཆེད་དུ་སྲིད་དོན་ལས་རྗེས་འཇོག་པ་དང་དངོས་སྒྲུབ་ལ་བརྟེན་ནས་འབྱུང་འགྱུར་ལ་ཕྱོགས་དགོས། རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་ཚོས། ཞི་ཅིན་ཕིང་གི་ཏང་འཛུགས་སྐྱོང་གི་དགོངས་པ་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ། ཐོག་མཐའ་བར་གསུམ་དུ་ཡང་དག་པའི་སྲིད་དོན་ལས་རྗེས་ལྟ་བར་བརྟེན་ནས་འགན་འཁྲི་འཁུར་བ་དང་རང་འགན་གཙང་སྒྲུབ་བྱས་ཏེ། “ལོ་ལྔ་ཚན་བཅོ་ལྔ་པའི”བརྗིད་ཆེའི་འཆར་གཞི་དེ་མཛེས་སྡུག་ལྡན་པའི་དོན་དངོས་སུ་ཟམ་མི་ཆད་པར་འགྱུར་བར་བྱེད་ཀྱི་ཡིན་ཞེས་བརྗོད།
འབྲེལ་ཡོད་གསར་འགྱུར།