དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • ཆུ་རུད་སྐོར་གྱི་ཆ་འཕྲིན་རྫུན་མ་སྤེལ་མཁན་2ལ་སྐོང་འདྲི་བྱས་པ་དང་འབྲེལ་སྐྱོན་བརྗོད་སློབ་གསོ་བཏང་བ།

  • ཡོང་ཁུངས།  བོད་ལྗོངས་ཉིན་རེའི་ཚགས་པར་བོད་ཡིག་སྨྱན་སྦྱོར།   |     སྤེལ་དུས།  2026-08-30

    སྐྱིད་གྲོང་དུ“8·26”ཆུ་རུད་ཀྱི་གནོད་འཚེ་ཐོན་རྗེས། དྲ་དམངས་ཁག་གཅིག་གིས་རང་ཉིད་ཀྱི་བརྙན་ཐུང་ལ་ལྟ་མཁན་མང་པོ་ཡོང་བའི་ཆེད་དུ་དྲ་བར་ཆུ་རུད་ནང་མི་སྣ་ཤི་རྨས་དང་འབྲེལ་བ་ཆད་པའི་གྲངས་གཞི་དང་ཆ་འཕྲིན་རང་དགར་རྫུན་མ་བཟོས་ནས་བསྐུར་བས་སྤྱི་ཚོགས་སུ་ཤུགས་རྐྱེན་ངན་པ་བཟོས་ཡོད།

    ཟླ་8ཚེས་27ཉིན། ལྷོ་ཁར་ཡོད་པའི་མཱ་ཆེ་གེ་མོས་དྲ་ཐོག་ཏུ“8·26”ཆུ་རུད་ཀྱི་གནོད་འཚེས་ཀྲུང་ནེའི་མཐའ་མཚམས་སུ་རྐྱེན་ལམ་དུ་ཤོར་བའི་མི་གྲངས་དང་འབྲེལ་བ་ཆད་པའི་མི་གྲངས་ཀྱི་ཆ་འཕྲིན་རྫུན་མ་བསྐུར་བར་མང་ཚོགས་ལ་དངངས་སྐྲག་བཟོས་པ་དང་དྲ་རྒྱའི་བར་མཐོངས་ལ་གཏོར་བཤིག་བཏང་བས་སྤྱི་ཚོགས་བརྟན་ལྷིང་ལ་ཤུགས་རྐྱེན་ངན་པ་བཟོས་ཡོད།   མིག་སྔར། ལྷོ་ཁའི་དྲ་རྒྱའི་ཉེན་རྟོག་པས་ལྷུན་རྩེ་རྫོང་སྤྱི་བདེ་ལས་ཁུངས་དང་མཉམ་དུ་ཁྲིམས་ལྟར་མཱ་ཆེ་གེ་མོ་སྐོང་འདྲི་བྱས་པ་དང་འབྲེལ་སྐྱོན་བརྗོད་སློབ་གསོ་བཏང་བ་རེད། 

    ཟླ་8ཚེས་28ཉིན། ལྷོ་ཁར་ཡོད་པའི་ཀེང་ཆེ་གེ་མོས་དྲ་ཐོག་ཏུ་སྐྱིད་གྲོང་གི“8·26”ཆུ་རུད་ནང་རྐྱེན་ལམ་དུ་ཤོར་བའི་མི་གྲངས་དང་འབྲེལ་བ་ཆད་པའི་མི་གྲངས་སྒྲོ་འདོགས་བྱས་ནས་བསྐུར་བར་སྤྱི་དམངས་ཀྱིས་གོ་བ་ལོག་སྒྲུབ་བྱེད་སྲིད་ལ་དྲ་རྒྱའི་བར་མཐོངས་ལ་གཏོར་བཤིག་བཏང་བས་སྤྱི་ཚོགས་ལ་ཤུགས་རྐྱེན་ངན་པ་བཟོས་ཡོད།   མིག་སྔར། ལྷོ་ཁའི་དྲ་རྒྱའི་ཉེན་རྟོག་པས་གྲོང་ཁྱེར་སྤྱི་བདེ་ཅུས་སྣེ་གདོང་ཡན་ལག་ཅུས་དང་མཉམ་དུ་ཁྲིམས་ལྟར་ཀེང་ཆེ་གེ་མོ་སྐོང་འདྲི་བྱས་པ་དང་འབྲེལ་སྐྱོན་བརྗོད་སློབ་གསོ་བཏང་བ་རེད།

    དྲ་རྒྱའི་ཉེན་རྟོག་ཕྱོགས་ཀྱི་དྲན་སྐུལ།

    དྲ་རྒྱ་ནི་ཁྲིམས་འོག་ཏུ་མི་ཚུད་པའི་གནས་མིན་པས། གེགས་སེལ་གནས་ཚུལ་དང་གནོད་འཚེའི་གནས་ཚུལ་རྫུན་མ་བཟོ་བ་དང་སྙན་སེང་རྫུན་མ་ཞུས་ནས་སྤྱི་ཚོགས་ཀྱི་སྤྱི་པའི་སྒྲིག་ལམ་ཟང་ཟིང་བཟོས་ན། སྤྱི་བདེ་ལས་ཁུངས་ཀྱིས་ཁྲིམས་ལྟར་རྡུང་རྡེག་གཏོང་རྒྱུ་རེད། དེར་བརྟེན། རྒྱ་ཆེའི་དྲ་དམངས་ཚོས་ལེགས་ཉེས་དབྱེ་འབྱེད་གསལ་པོ་བྱས་ཏེ། དྲ་ཐོག་ཏུ་ཆ་འཕྲིན་རྫུན་མ་བཟོ་མི་རུང་ལ་སྤེལ་མི་རུང་། གལ་ཏེ་དྲ་རྒྱའི་དཀྲོག་གཏམ་གྱི་ཁུངས་སྣེ་ཤེས་རྟོགས་བྱུང་ཚེ་སྤྱི་བདེ་ལས་ཁུངས་ལ་ཐེར་འདོན་བྱེད་དགོས།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།