འཁྱིལ་མཚོ་གསར་པ་ཆགས་བཞིན་འདུག

གསར་འགོད་པར་འཕྲལ་སྡོམ་དོ་དམ་པུའུ་ནས་ཤེས་རྟོགས་བྱུང་བར། བོད་ལྗོངས་གཞིས་རྩེ་གྲོང་ཁྱེར་སྐྱིད་གྲོང་རྫོང་གི་ཆུ་རུད་ཀྱི་གནོད་འཚེའི་ཉེན་སེལ་རོགས་སྐྱོབ་ལས་དོན་འགན་ལེན་བྱ་ཆེད། འཕྲལ་སྡོམ་དོ་དམ་པུས“ཁུག་རྟ་འཕྲལ་སྡོམ”གྱི་ཁོངས་ཞུགས་ཚན་པའི་མྱུལ་ཞིབ་མི་མེད་གནམ་གྲུ་དང་ཐེག་ཚད་ཆེ་བའི་མི་མེད་གནམ་གྲུ་མངགས་ནས། ཕུ་དབྲག་ཕུ་བྱང་འཁྱིལ་མཚོའི་གནས་ཚུལ་ལ་རྒྱུན་མཐུད་ལྟ་ཞིབ་ཚད་ལེན་དང་། གྲོས་མོལ་དང་ཞིབ་འཇུག་བརྡར་གཅོད། ས་གནས་ལ་ནུས་ཤུགས་ཡོད་རྒུས་ཉེན་སེལ་རོགས་སྐྱོབ་དང་གེགས་སེལ་གྱི་ལས་དོན་ཁག་ཡག་པོ་བསྒྲུབ་རྒྱུར་གཞོགས་འདེགས་དང་མཛུབ་ཁྲིད་བྱས་ཡོད་པ་རེད།
ཟླ་8ཚེས་29ཉིན་གྱི་དགོང་མོར། མདུན་ཕྱོགས་ནས་མི་མེད་གནམ་གྲུས་ལྟ་ཞིབ་ཚད་ལེན་བྱས་པ་ལས་ཤེས་རྟོགས་བྱུང་བར། ཕུ་དབྲག་ཕུ་བྱང་གཙང་པོའི་འཁྱིལ་མཚོའི་སྨད་རྒྱུད་ཀྱི་སྤྱི་ལེ་2.8ཀྱི་སར་རི་ཉིལ་ཏེ་ཆུ་ལམ་དུ་ཕུང་གསོག་ཐེབས་ནས་འཁྱིལ་མཚོ་གསར་པ་ཆགས་བཞིན་ཡོད་པ་རེད། འཕྲལ་སྡོམ་དོ་དམ་པུས་འཕྲལ་མར་རིགས་གཅིག་མཁས་ཅན་བསྡུས་ནས་ཞིབ་འཇུག་དབྱེ་ཞིབ་བྱས་པ་དང་ཆབས་ཅིག སྐྱིད་གྲོང་འགག་སྒོའི་ཉེ་འགྲམ་གྱི་ཉེན་སེལ་རོགས་སྐྱོབ་མི་སྣ་བདེ་འཇགས་ཀྱི་གནས་སུ་སྤོ་རུ་བཅུག་པ་རེད།
འབྲེལ་ཡོད་གསར་འགྱུར།