དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • ནེ་པ་ལའི་མི་སྣ་ཤི་རྨས་དང་འབྲེལ་བ་ཆད་པའི་གྲངས་གཞི་གསར་ཤོས།

  • ཡོང་ཁུངས།  བོད་ལྗོངས་ཉིན་རེའི་ཚགས་པར་བོད་ཡིག་སྨྱན་སྦྱོར།   |     སྤེལ་དུས།  2026-08-30

    ནེ་པ་ལའི་རྒྱལ་ཁབ་གནོད་འཚེའི་ཉེན་ཁ་ཉུང་གཏོང་དོ་དམ་ཅུས་ཀྱིས་ཁྱབ་བསྒྲགས་བྱས་པའི་གྲངས་གཞི་གསར་ཤོས་ལ་གཞིགས་ན། ས་གནས་དེ་གའི་དུས་ཚོད་ཚེས་30ཉིན་གྱི་ཆུ་ཚོད་9པ་བར། ནེ་པ་ལའི་ཆུ་རུད་ཀྱི་གནོད་འཚེས་རྐྱེན་ལམ་དུ་ཤོར་བའི་མི་གྲངས་734བར་འཕར་བ་དང་འབྲེལ་བ་ཆད་པའི་མི་གྲངས་2498ཟིན་གྱི་ཡོད་པ་རེད། 

    ཚེས་26ཉིན་ནེ་པ་ལའི་བྱང་རྒྱུད་དུ་གཞི་ཁྱོན་ཆེ་བའི་ཆུ་རུད་ཀྱི་གནོད་འཚེ་ཐོན་ཡོད་པ་དང་། ཚེས་26ཉིན་ནེ་པ་ལ་སྲིད་གཞུང་གིས་འབྲེལ་ཡོད་བཅའ་ཁྲིམས་ཀྱི་གཏན་འབེབས་གཞིར་བཟུང་། གནོད་འཚེ་ཕོག་པའི་ས་ཁུལ་གྱི་ས་གནས་སྲིད་འཛིན་ཚན་པ་ཁག་གཅིག་གནོད་འཚེའི་ཉེན་ཁ་ཆེ་བའི་ས་ཁུལ་དུ་དབྱེ་རྒྱུའི་གཏན་འབེབས་བྱས་པ་དང་དུས་བཀག་ཟླ་བ་གསུམ་ཡིན་ཞིང་། རོགས་སྐྱོབ་དངོས་ཟོག་བཀོད་སྒྲིག་དང་མི་སྣར་དོ་དམ་ཚོད་འཛིན་བྱེད་ཤུགས་ཆེ་རུ་བཏང་ནས་གེགས་རྗེས་སླར་གསོའི་ལས་དོན་ལ་གཅིག་སྡུད་སྐུལ་འདེད་གཏོང་རྒྱུ་ཡིན་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།