འབྲེལ་བ་ཆད་པའི་ཕྱི་རྒྱལ་བ་261ནི་རྒྱལ་ཁབ་མི་འདྲ་བ་23ནས་ཡིན་པ།
ཚེས་30ཉིན། གསར་འགོད་པར་བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གསར་འགྱུར་གཞུང་དོན་ཁང་གིས་འཚོགས་པའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་ནས་ཤེས་རྟོགས་བྱུང་བར། ཕྱི་འབྲེལ་ལས་དོན་དང་། སྤྱི་བདེ། རིག་གནས་ཡུལ་སྐོར། འཕྲལ་སྡོམ་སོགས་སྡེ་ཚན་མང་པོས་མཉམ་དུ་ས་ཁོངས་ཧྲིལ་པོར་ལེབ་བཤེར་གྲལ་བཤེར་དང་ཁུངས་སྣེའི་ཡོངས་ཁུངས་བསྡུར་བའི་ལས་དོན་སྤེལ་བ་བརྒྱུད། མིག་སྔར་བོད་ལྗོངས་སྐྱིད་གྲོང་དུ་ཆུ་རུད་ཀྱི་གནོད་འཚེ་ཐོན་པའི་རྐྱེན་གྱིས་འབྲེལ་བ་ཆད་པའི་རྒྱལ་ཁོངས་གཞན་གྱི་མི་261གྲལ་བཤེར་ཐུབ་པའི་ནང་། ཧ་སག་སི་ཐན་གྱི་མི་1དང་། མ་ལེ་ཞི་ཡའི་མི་3 ནེ་པ་ལའི་མི་104 རྒྱ་གར་གྱི་མི་49 ལྷོ་ཨ་ཧྥེ་རི་ཁའི་མི་4 ཨིར་ལན་གྱི་མི་2 ཨེ་སོ་ནི་ཡའི་མི་2 འཇར་མན་གྱི་མི་3 ཨུ་རུ་སུའི་མི་3 ཧྥ་རན་སེའི་མི་2 ཧྥིན་ལན་གྱི་མི་1 ཧོ་ལན་གྱི་མི་2 ལ་ཐེ་ཝེ་ཡའི་མི་33 ལི་ཐུ་ཝན་གྱི་མི་1 ཕོར་ཐིའུ་ཀལ་གྱི་མི་1 ཡུག་རེན་གྱི་མི་1 སི་ཕེན་གྱི་མི་1 ཧང་ག་རིའི་མི་1 དབྱིན་ཇིའི་མི་15 ཁ་ན་ཏའི་མི་6 ཨ་རིའི་མི་18 ཨོ་སི་ཁྲུ་ལི་ཡའི་མི་6 ནེའུ་ཙི་ལན་གྱི་མི་2བཅས་རྒྱལ་ཁབ་23ནས་ཡིན་པ་རེད། ཀྲུང་གོ་ཕྱོགས་ཀྱིས་འབྲེལ་ཡོད་རྒྱལ་ཁབ་ཀྱི་ཀྲུང་གོར་བཅའ་སྡོད་གཞུང་ཚབ་དོན་གཅོད་ཁང་ལ་བརྡ་ཁྱབ་བཏང་ཡོད།
ས་ཁོངས་ཧྲིལ་པོར་མཐིལ་རྟོགས་དང་། རྩད་བཤེར། འགག་སྒོར་མི་རེ་རེ་བཞིན་ཞིབ་བཤེར་བཅས་ཐེངས་མང་བྱས་པ་བརྒྱུད་མིག་སྔར་སྐྱིད་གྲོང་རྫོང་དུ་ལུས་པའི་ཕྱི་རྒྱལ་གྱི་ཡུལ་སྐོར་བ་མེད་པ་རེད།
འབྲེལ་ཡོད་གསར་འགྱུར།